འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་རོགས་སྐྱོར་བྱས་པའི་ཀྲུང་ཧྥེ་མཛའ་གྲོགས་ལྡུམ་ར་
    དངོས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོས་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་རོགས་སྐྱོར་བྱས་པའི་ཀྲུང་ཧྥེ་མཛའ་གྲོགས་ལྡུམ་ར་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཚེས་2ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་འཚོགས་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཁྭ་ཏིས་དང་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཐོན་ཀྲང་ཁོང་ཝུའེ་ལིན་སྐྲུན་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
         ཁོང་ཝུའེ་ལིན་གྱིས་ཀྲུང་ཧྥེ་མཛའ་གྲོགས་ལྡུམ་རས་ཀྲུང་ཧྥེའི་མཛའ་གྲོགས་མཚོན་གྱི་ཡོད། ཀྲུང་གོས་སྔར་རྒྱུན་བཞིན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》སྦྲེལ་མཐུད་ལ་རྒྱབ་སྐྱོར་བྱས་ཏེ་དྲང་བདེན་ཟོལ་མེད་ངང་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་འདུ་ཤེས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་དེ་བཞིན་ཨ་ཧྥེ་རི་ཁར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།