འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་བུད་མེད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་(མི་སྒེར)
    ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་(མི་སྒེར)ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། “བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”ཁྲོད་ཐོན་པའི་བུད་མེད་ཀྱི་དབུལ་སྒྲོལ་དཔེ་སྟོན་རྟེན་གཞི་20དང་དབུལ་སྒྲོལ་འགག་སྒྲོལ་གྱི་བུད་མེད་འཇོན་ཐང་ཅན་20ལ་གཟེངས་བསྟོད་བྱས་ཏེ་བོད་ཀྱི་རྒྱ་ཆེའི་བུད་མེད་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་རང་སྟོབས་རང་སྤེལ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུའི་ལྕག་སྐུལ་བྱས་པ་རེད།
          དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་ཁྲོད་བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་པའི་ནུས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། 2017ལོར་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ།གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱར་དམིགས་ནས“བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”ཧུར་ཐག་སྤེལ་བ་རེད།
          བསམ་བློ་ཁྲིད་སྟོན་ལ་སྣང་ཆེན་གྱིས་དབུལ་སྒྲོལ་ལས་ལ་ཞུགས་རྒྱུར་ལྕག་སྐུལ་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་ལ་སྣང་ཆེན་གྱིས་འཇོན་ཐང་ལ་བརྟེན་ནས་དབུལ་སྒྲོལ། ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་ལ་སྣང་ཆེན་གྱིས་ལས་གཏོད་ལ་བརྟེན་ནས་དབུལ་སྒྲོལ། ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་གྱིས་ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱ་རྒྱུར་སྣང་ཆེན་གྱིས་ཕན་ཚུན་རོགས་རེས་ལ་བརྟེན་ནས་དབུལ་སྒྲོལ། འབྲས་སྐྲན་གཉིས་བཅོས་རྒྱུར་སྣང་ཆེན་གྱིས་བདེ་ཐང་ལ་བརྟེན་ནས་དབུལ་སྒྲོལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྣང་ཆེན་གྱིས་གཅེས་སེམས་ལ་བརྟེན་ནས་དབུལ་སྒྲོལ་བཅས་བྱེད་པ་ནི“བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”ཀྱི་གཙོ་བོའི་ནང་དོན་བདུན་པོ་དེ་རེད། བྱེད་སྒོ་སྤེལ་ཚུན། བོད་དུ་རང་བཀུར་དང་། རང་གིས་རང་ལ་ཡིད་ཆེས།རང་ཚུགས། རང་འབད་བཅས་ཀྱི་སྙིང་སྟོབས་མངོན་པ་གང་ཞིག སྒུག་ནས་མི་སྡོད་པར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་རང་ཉིད་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དང་ཆབས་ཅིག རང་གི་འཁྲིས་སུ་ཡོད་པའི་བུད་མེད་གཅེན་གཅུང་དབུལ་པོར་རོགས་རམ་དང་སྐུལ་ཁྲིད་ཧུར་ཐག་བྱས་པས་ཐག་ཉེ་ས་དང་། སྟབས་བདེ་པོ། ཕ་ཡུལ་ནས་ཁ་འབྲལ་མི་དགོས་པ་བཅས་ཀྱི་ཐོག་ནས་ལས་གཏོད་འབབ་འཕར་བྱུང་ལ་མི་སེམས་འགུལ་བའི་ལེའུ་རེ་རེ་བཞིན་བརྩམས་ཡོད།
          བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས“བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ཁར“གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད”ཡག་པོ་སྤེལ་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།