འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་ཀོང་ཀུའུ"རུ་ན་ནིང་ཆ་སྙོམས་ཉིན་རེར་ཁེ་ལས་59ཙམ་གསར་འཕར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཀྲུང་གོའི་ཀོང་ཀུའུ”ཞེས་འབོད་སྲོལ་ཡོད་པའི་ཝུའུ་ཧན་ཏུང་ཧུའུ་མཐོ་གསར་ཁུལ་དུ་2017ལོར་ཁེ་ལས་14640གསར་དུ་ཞུགས་པ་དེས་ཆ་སྙོམས་ཉིན་རེར་ཁེ་ལས་59ཙམ་གསར་འཕར་བྱུང་བ་མཚོན་གྱི་ཡོད།
         གསར་འགོད་པར་ཚེས་2ཉིན་འཚོགས་པའི་ཏུང་ཧུའུ་མཐོ་གསར་ཁུལ་གྱི་2018ལོའི་ལོ་འཁོར་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏུང་ཧུའུ་ཁུལ་གསར་དུ་2017ལོར་སྒོར་དུང་ཕྱུར་500ཡི་ཀོང་ཀུའུ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཐེབས་རྩ་བཙུགས་ནས་འཕེལ་རྒྱས་མྱུར་བའི་ཁེ་ལས་320སྐྱེད་སྲིང་བྱས་པ་དང་གནས་ཐང་མཐོ་བའི་ཁེ་ལས་2གསར་འཕར་བྱུང་བ་དང་བསྡོམས་ཁེ་ལས་4ཟིན་ནས་གྲངས་ཚད་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་མཐོ་གསར་ཁུལ་གྱི་མང་ཤོས་ཡིན་པ་རེད།
         ཏུང་ཧུའུ་མཐོ་གསར་ཁུལ་དུ་2017ལོར་རྒྱལ་ཁབ་ཆ་འཕྲིན་འོད་གློག་རྡུལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་དང་ཐོག་ཁང་32ཀྱི་3D NANDགསོག་ཉར་ཉིང་ལེབ་སོགས་ཚན་རྩལ་གྲུབ་འབྲས་གལ་ཆེན་ཐོན་པ་དང་ཁྲང་ཧྥེ་འོད་སྐུད་སོགས་ཁེ་ལས་6ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ་པ་དང་ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཁྲི་2.5རེ་ཞུ་བྱས་ཡོད། ཚན་རྩལ་ཁེ་ལས་གསོ་སྐྱོང་ཁང་5དང་། ཀུན་གཏོད་བར་མཐོངས་18 ཐོན་ལས་མནའ་འབྲེལ་3གསར་སྐྲུན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།