འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་གྲོང་གསེབ་ཀྱི་དབུལ་པོ་ཁྲི་3046ཉུང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཀྱི་ཁྱིམ་ཚང་ཁྲི་16ལ་འཐེན་བཤེར་བརྟག་དཔྱད་དང་ད་ཡོད་ཀྱི་རྒྱལ་ཁབ་ཀྱི་གྲོང་གསེབ་དབུལ་པོའི་ཚད་གཞི་ལྟར་ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། 2017ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་3046ཉུང་དུ་ཕྱིན་པ་དེ་2016ལོའི་ལོ་མཇུག་ལས་མི་ཁྲི་1289ཉུང་དུ་སོང་བ་དང་དབུལ་པོ་ཐོན་ཚད་3.1%ཟིན་པ་དེ་2016ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་1.4ཆག་ཡོད་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྱོན་ཁྲི་6853ཉུང་དུ་སོང་ནས་2017ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་ཁྲི་9899ནས་མི་ཁྲི་3046ཉུང་དུ་སོང་སྟེ་ཁྱོན་མི་ཁྲི་6853ཉུང་དུ་སོང་བ་དང་། དབུལ་པོ་ཐོན་ཚད་2012ལོའི་ལོ་མཇུག་གི་10.2%ནས་3.1%བར་ཆག་སྟེ་བརྒྱ་ཆའི་གྲངས་7.1ཉུང་དུ་སོང་ཡོད།
         དེ་དང་ཆབས་ཅིག་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ཡོད། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་ཕོངས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་བརྟག་དཔྱད་ལས་མངོན་པར། 2017ལོར་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9377ཟིན་པ་དང་། བསྡུར་གཞི་ཡོད་པ་ལྟར་རྩིས་བརྒྱབ་ཚེ། ལོ་གོང་མའི་ལོ་སྟོད་ལས་སྒོར་894མང་དུ་སོང་ནས་འཕར་ཚད་10.5%ཟིན་པ་དང་། རིན་གོང་གི་རྒྱུ་རྐྱེན་མ་བརྩིས་ཚེ། དོན་དངོས་ཐོག་འཕར་ཚད་9.1%ཟིན་ནས་དོན་དངོས་ཐོག་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.7འཕར་བ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.8ཀྱིས་མཐོ་བ་ཡོད་པ་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ལོར་ཆ་སྙོམས་འཕར་ཚད་10.4%ཟིན་ཞིང་། 2013ལོ་ནས་2017ལོ་བར་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་འཕར་ཚད་12.4%ཟིན་པ་དང་། རིན་གོང་གི་རྒྱུ་རྐྱེན་མ་བརྩིས་ཚེ། ལོར་ཆ་སྙོམས་འཕར་ཚད་10.4%ཟིན་ཏེ་དོན་དངོས་ཐོག་འཕར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་བ་ཡོད་པ་དང་། 2017ལོར་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་69.8%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་7.7འཕར་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་མུ་མཐུད་ཆུང་དུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།