འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་མཚོ་སྔོན་པོའི་མཚོ་ཁ་ལི་སྨི་40མཐོ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཆར་པ་འབབ་ཚད་མང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་རང་རྒྱལ་གྱི་སྐམ་སའི་མཚེའུ་ཆེ་ཤོས་མཚོ་སྔོན་པོའི་མཚོ་ཁ་2017ལོར་ལི་སྨི་20མཐོ་རུ་ཕྱིན་ནས་མཚོ་སྔོན་པོའི་མཚོ་ཁ་བསྟུད་མར་ལོ་བཅུ་གསུམ་མཐོ་རུ་ཕྱིན་ཡོད།
         2017ལོར་མཚོ་སྔོན་པོའི་མཚོ་ཁ་2016ལོ་དང་བསྡུར་ན་ལི་སྨི་40མཐོ་རུ་ཕྱིན་པ་དང་2005ལོ་ཚུན་མཐོ་རུ་འགྲོ་ཚད་ཆེ་ཤོས་ཀྱི་ལོ་ཞིག་རེད། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཏའེ་ཧྲེན་གྱིས་2017ལོར་མཚོ་སྔོན་པོའི་ཆ་སྙོམས་མཚོ་ཁ་སྨི་3194.53ཟིན་པ་དང་2005ལོ་ནས་བཟུང་རིམ་རྩིས་བྱས་ན་སྨི་2.07རྒྱས་ཡོད་ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་པོའི་ཆུ་རྒྱུད་དུ་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི་511.0ཟིན་པ་དེ་རྒྱུན་གཏན་དང་བསྡུར་ན་བཅུ་ཆ་བཞི་མང་བ་ཡོད། ས་གནས་ཁག་ཏུ་ཆར་པ་འབབ་ཚད་ཧའོ་སྨི་449.6ནས་572.3བར་ཟིན་པ་དང་ཆར་པ་མང་བའི་དུས་སུ་བཅུ་ཆ་གཉིས་ཡན་འཕར་གྱི་ཡོད། དེའི་ནང་རྐང་ཚར་ཆར་པ་འབབ་ཚད་བཅུ་ཆ་ལྔ་མང་བ་དང་1961ལོ་ཚུན་གྱི་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་བཏོད་ཡོད་པ་རེད།
         ཟླ་རེར་ཆར་པ་འབབ་ཚད་ཀྱི་དབྱེ་ཞིབ་ནས་བལྟས་ཚེ། 2017ལོར་ཟླ་དང་པོ་དང་། བཅུ་གཅིག་བཅུ་གཉིས་བཅས་ལ་ཆར་པ་བབས་མེད་པ་དང་ཟླ་དྲུག་པ་དང་དགུ་པར་རྒྱུན་གཏན་ལྟར་ཆར་པ་བབས་པ་ཕུད་ཟླ་བ་གཞན་དག་ལ་བཅུ་ཆ་བཞི་ནས་ལྡབ་1.2བར་མང་བ་ཡོད། ལོ་རེའི་ཆར་པ་འབབ་ཚད་ལ་དཔྱད་བསྡུར་བྱས་པ་བརྒྱུད་མཚོ་སྔོན་པོའི་ཆུ་རྒྱུད་དུ་ཆར་ཆུ་འཛོམས་ཤོས་ཡིན་པ་རེད།
         “གོ་ལ་ཧྲིལ་པོར་གནམ་གཤིས་དྲོ་རུ་འགྲོ་བ་དང་སྦྲགས་མཚོ་སྔོན་པོའི་ཆུ་རྒྱུད་ཀྱི་གནམ་གཤིས་མགྱོགས་མྱུར་དྲོད་ཚད་ཆེ་ལ་བཞའ་ཚན་ཆེ་བར་གྱུར་པ་དང་དྲོད་ཚད་མཐོ་བ་དང་ཆར་པ་འབབ་ཚད་མང་བ་མ་ཟད། མཚོ་སྔོན་པོའི་ནུབ་བྱང་རྒྱུད་ཀྱི་རི་མཐོའི་འཁྱག་རོམ་དང་རི་མཐོའི་གངས་གསོག་རྒྱུན་མཐུད་ངང་བཞུར་ནས་མཚོ་དང་གཙང་པོར་རྒྱུག་ཚད་མང་དུ་ཕྱིན་པས་མཚོ་སྔོན་པོའི་མཚོ་ཁ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད”ཅེས་ཏའེ་ཧྲེན་གྱིས་བཤད།
         མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་པོའི་མཚོ་ཁོངས་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་4400ལྷག་ཟིན་ཡོད། དེས་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་ནུབ་རྒྱུད་ཀྱི་ཐང་རྒོད་ཅན་ཤར་ཕྱོགས་སུ་མ་མཆེད་སྔོན་འགོག་བྱེད་པའི་མཚོ་གལ་ཆེན་ཞིག་ཡིན་པ་མ་ཟད། ས་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་བྱེད་པའི་ཡོ་ཆས་གལ་ཆེན་ཞིག་ཀྱང་རེད། 
      

    ཕྱོགས་བསྡུས་གསར་འགྱུར།