འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་ཆེན་གྱི་གྲུབ་
    འབྲས་ལ་གདེང་འཇོག་ཡག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2་ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཨུ་རུ་སུ་སོ་ཆི་རུ་འཚོགས་པའི་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་འདུའི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་བྱས་པ་རེད།
         ཚེས་2ཉིན། ཀུའུ་ཐེ་ལེ་སིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྨྱན་སྦྱོར་དང་ཐུག་འཕྲད་བྱེད་སྐབས་ཚོགས་ཞུགས་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་སྐྱོང་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2254ཡི་དགོངས་དོན་ལ་གཞིགས་ཏེ་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་མོས་མཐུན་བྱས་པ་དང་ཨུ་ཡོན་ལྷན་ཁང་དེའི་བསྐོ་གཞག་དང་། འགན་དབང་ཁྱབ་ཁོངས། གྲོས་མོལ་སྒྲིག་སྲོལ་དང་ཁོངས་མི་འདེམས་བསྐོའི་ཚད་གཞི་སོགས་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་སི་རི་ཡའི་གནད་དོན་སྐོར་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ཐོག་གཏན་འཁེལ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་ཐད་ཀྱི་ཆེད་བསྐོས་ཕོ་ཉ་ཏེ་སྨི་སི་ཐུའུ་ལཱ་ཡི་གོམ་སྟབས་རྗེས་མའི་ལས་དོན་ནི་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་ཆེན་གྱི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བརྗོད་པ།
         སི་རི་ཡའི་གནད་དོན་སྐོར་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དང་སི་རི་ཡ་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཨུ་རུ་སུ་དང་། ཐུར་ཁེ། དབྱི་རན་བཅས་ཕྱོགས་གསུམ་གྱིས་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་ཆེན་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད། གླེང་མོལ་ཚོགས་ཆེན་ཟླ་1ཚེས་30ཉིན་གྱི་དགོང་མོ་ཨུ་རུ་སུའི་ལྷོ་རྒྱུད་གྲོང་ཁྱེར་སོ་ཆི་རུ་གྲོལ་བ་དང་ཚོགས་ཞུགས་ཕྱོགས་ཁག་གིས་མཉམ་འབྲེལ་གསལ་བསྒྲགས་དང་ཚོགས་ཞུགས་ཕྱོགས་ཁག་གི་འབོད་སྐུལ་ཡི་གེ་ཁྱབ་བསྒྲགས་བྱས་ནས་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།