འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡའི་ཙུང་ལིས་ངེས་པར་དུ“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དམ་འཛིན་
    བྱེད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུས་ཉེ་ཆར་མ་ལེ་ཞི་ཡས་ངེས་པར་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བའི་གོ་སྐབས་དམ་འཛིན་གྱིས་རང་ངོས་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
         ནཱ་ཅི་པུས་དེ་ཉིན་དགོང་མོ་ཁོང་གི་ཙུང་ལིའི་ལས་ཤག་ཏུ་བཤམས་པའི་ཚོང་ཚོགས་གཙོ་འཛིན་གྱི་གསོལ་སྟོན་ཐོག་འཛམ་གླིང་ཐོག་གི་ཕྱིར་ཚོང་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་པའི་མ་ལེ་ཞི་ཡས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཁྲོམ་ར་གསར་པ་བཙལ་ཏེ་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ན་གཞོན་ཚོར་ལས་ཀའི་གོ་སྐབས་གསར་པའང་སྤྲོད་དགོས་ཞེས་བཤད་པ་རེད།
         ནཱ་ཅི་པུས་འཛམ་གླིང་དཔལ་འབྱོར་གྱི་ལྟེ་གནས་ཀྱི་ཁ་ཕྱོགས་ཤར་ཕྱོགས་སུ་བསྒྱུར་བཞིན་ཡོད་པ་དེ་ཐོག་ནས“ཨེ་ཤེ་ཡའི་དུས་རབས”དངོས་སུ་སླེབས་པ་མཚོན་པས་མ་ལེ་ཞི་ཡས་ངེས་པར་དུ་གོ་སྐབས་དམ་འཛིན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“དེ་ཐོག་ནས་ང་ཚོས་ངེས་པར་དུ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ཡག་པོ་སྤྱོད་དགོས་པ་མཚོན་གྱི་ཡོད། གྲོས་འགོ་དེར་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་ཆེ་ཤོས་བསྐྲུན་རྒྱུའི་རྟིང་ཤུགས་ལྡན་འདུག”ཅེས་བཤད།
         ནཱ་ཅི་པུས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་བཅས་སྦྲེལ་མཐུད་བྱས་ཡོད་པ་དང་། གོ་ལ་ཧྲིལ་པོའི་མི་འབོར་དང་དཔལ་འབྱོར་སྒྲིག་གཞི་མང་ཆེ་བ་ཞིག་ལ་ཁྱབ་ཡོད། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་དང་སྦྲགས། མ་ལེ་ཞི་ཡས་རྒྱལ་ཁབ་དེ་དག་གི་ཁྲོམ་ར་སྔར་བས་སྔོག་འདོན་བྱེད་ཆོག་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།