འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྙན་ཞུའི་ནང་ཀྲུང་གོའི་མ་འཇོག་མཁན་གྱིས་ཨོ་སི་ཁྲུ་ལི་ཡའི་སྨན་བཅོས་བདེ་སྲུང་ལས་
    རིགས་ལ་དགའ་པོ་བྱེད་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་སློབ་ཆེན་གྱི་ཚོང་ལས་སློབ་གླིང་དང་པི་མཱ་ཝུའེ་རྩིས་པའི་ལས་གཉེར་ཁང་གིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་དོན། 2015ལོ་ནས་2017ལོའི་བར་ཀྲུང་གོའི་མ་འཇོག་མཁན་གྱིས་ཨོ་སི་ཁྲུ་ལི་ཡའི་སྨན་བཅོས་བདེ་སྲུང་ཁྱབ་ཁོངས་ལ་ཁྱོན་མ་དངུལ་ཨོ་སྒོར་དུང་ཕྱུར་55(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་44.5ཙམ་ཟིན་པ)བཏང་ཡོད།
          སྙན་ཞུ་ལས་མངོན་དོན། འདས་ཟིན་པའི་ལོ་གསུམ་རིང་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་ཉོ་དང་མ་རྩ་མཉམ་འཇོག་གི་ཁེ་ལས་བསྐྲུན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཨོ་སི་ཁྲུ་ལི་ཡའི་སྨན་བཅོས་བདེ་སྲུང་ཁྱབ་ཁོངས་སུ་མ་འཇོག་རྣམ་གྲངས་ཁག16ལེགས་སྒྲུབ་བྱས་པའི་ནང་བདེ་སྲུང་ཐོན་རྫས་ལ་མ་འཇོག་བྱེད་ཚད་53%བཟུང་བ་དང་སྨན་བཅོས་ཞབས་ཞུར་མ་འཇོག་བྱེད་ཚད་47%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།