འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རུལ་རྒོལ་ལས་དོན་གྱི་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་དབྱང་རུལ་རྒོལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རོན་ཕུའུ་ཀྲུང་གིས་ཉེ་ཆར། 2018ལོར་ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཆོད་སེམས་དང་། སྙིང་རུས། ལས་ཕྱོད་བཅས་དེ་བས་ཆེན་པོས་རུལ་རྒོལ་ལས་དོན་གྱི་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
         ཝེ་ཐེ་ནམ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རོན་ཕུའུ་ཀྲུང་གིས་གོང་ཚེས་ཉིན་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་རུལ་རྒོལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་13པ་གཙོ་སྐྱོང་བྱེད་སྐབས།2017ལོར་ཝེ་ཐེ་ནམ་གྱི་རུལ་རྒོལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། རུལ་རྒོལ་གྱི་ལས་དོན་ལ་རྣམ་པ་གསར་པ་ཐོན་ནས་འཕེལ་ཕྱོགས་བཟང་པོ་བྱུང་བ་ལས་མི་རྣམས་ལ་བག་ཆགས་བཟང་པོ་ཞིག་བཞག་སྟེ་མི་དམངས་ཀྱིས་ཡིད་ཆེས་བྱེད་ཚད་བརྟན་དུ་སོང་ཡོད་ཅེས་བརྗོད།
         རོན་ཕུའུ་ཀྲུང་གིས་2018ལོར་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་དང་རུལ་རྒོལ་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་ལམ་ལུགས་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་རུལ་རྒོལ་ལས་དོན་ལ་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། སྤྱི་ཚོགས་ཡོངས་ལ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ད་དུང་ཤུགས་སྣོན་བརྒྱབ་སྟེ་དོན་དངོས་འཁྱོག་བཤད་བྱེད་པའི་གཏམ་གླེང་ནོར་འཛོལ་ཅན་ལ་དགག་ལན་བརྒྱབ་ནས་རུལ་རྒོལ་ལས་དོན་གྱི་གོམ་སྟབས་གསར་པ་སྤོ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
         རོན་ཕུའུ་ཀྲུང་གིས་ཚོགས་འདུའི་ཐོག ད་དུང་སྤྱི་ཚོགས་ཐོག་གླེང་མང་བའི་ལྐོག་ཟ་དང་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཚབས་ཆེན་གྱོད་སྒྲུབ་བྱེད་མགྱོགས་སུ་གཏོང་བ་དང་དུས་མཚུངས་ཞིབ་བཤེར་དང་། ལྟ་སྐུལ། རྩིས་བཤེར་བཅས་ཀྱི་ལས་དོན་བསྒྲུབ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།