འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལོ་གཉིས་ལས་གཉེར་བྱེད་རིང་རྒྱལ་
    སྤྱིའི་ཁས་ལེན་རྒྱ་ཁྱབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཨེ་ཤེ་ཡ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་ཀྱིས་ས་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཤིང་། 2016ལོའི་ཟླ་1པོར་བཙུགས་པ་ནས་ད་བར་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལ་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ནས་དེའི་ཚོགས་ཁོངས་ཀྱང་ཐོག་མའི་57ནས་84བར་མང་དུ་སོང་ཡོད།
         ཉེ་ཆར་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་ཅིན་ལིས་ཆུན་གྱིས་པུ་རུ་སེར་གྱི་ཞིབ་འཇུག་ཁང་དང་པེར་ཀྲེམ་རྒྱལ་པོ་ཚང་གི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་དང་མཉམ་དུ་གཙོ་གཉེར་བྱས་པའི་བྱེད་སྒོ་ཞིག་གི་ཐོག་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་བཙུགས་ནས་ཟླ་བ་བཅོ་བརྒྱད་ཙམ་སོང་སྐབས། རྒྱལ་སྤྱིའི་རིམ་དཔྱད་སྒྲིག་གཞི་ཆེན་པོ་གསུམ་དང་པ་སེའར་དངུལ་ཁང་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཉེན་ཁ་མེད་པའི་ཁས་ལེན་ཐོབ་ཡོད་ཅེས་བཤད།
        ཅིན་ལིས་ཆུན་གྱིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་མ་འཇོག་རྣམ་གྲངས་དེ་ཨེ་ཤེ་ཡ་ཁོ་ན་ཙམ་ལ་ཕྱོགས་པ་མིན། གྲོས་མཐུན་སྲོལ་ཡིག་ལ་གཞིགས་ན། ཨེ་ཤེ་ཡ་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རྣམ་གྲངས་ཡིན་ཕྱིན་རྣམ་གྲངས་དེ་ཨེ་ཤེ་ཡར་མེད་ཀྱང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་མ་དངུལ་ཐོབ་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།