འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོས་ས་གནས་དེར་ཐོན་པའི་ནུས་པ་གལ་ཆེན་ལ་
    མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ལིན་ཡུས་ཧུའེ་ཡིས་ཉེ་ཆར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོས་ས་གནས་དེའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ས་ཁུལ་དེ་གའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་པར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         གོང་ཚེས་ཉིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་རུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བ་ཧོང་ཤིས་ལིན་གྱིས་ལས་གནས་བསྐོ་གཞག་ཡི་གེ་ཕུལ་བ་ལིན་ཡུས་ཧུའེ་ཡིས་དང་ལེན་བྱེད་སྐབས་ཀྲུང་གོ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མོལ་རོགས་ཟླ་གལ་ཆེན་གྱི་གྲས་ཤིག་ཡིན་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཀྱང་ཡིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་རྒྱུན་ཆད་མེད་པར་ཟབ་གཏོང་། འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཚོང་དོན་གྱི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་གཏོང་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་དེ་གའི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།