འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡས་སྐྱུག་བཤལ་རིམས་ནད་འགོག་རྒྱུར་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་ཡིའུ་མིན་དང་ཙན་པི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཆི་ཐ་ལུའུ·ཆི་ལུའུ་ཧྥེའི་ཡ་ཡིས་ཕྱོགས་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ནས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མཉམ་ལས་བྱས་ཏེ་སྐྱུག་བཤལ་རིམས་ནད་འགོག་རྒྱུའི་ལས་དོན་སྤེལ་བ་རེད། ཀྲུང་གོ་སྲིད་གཞུང་གིས་ཙན་པི་ཡར་སྐྱུག་བཤལ་རིམས་ནད་འགོག་རྒྱུར་མི་དམངས་ཤོག་སྒོར་ཁྲི་200ཞལ་འདེབས་བརྒྱབ་པ་རེད།
         དབྱང་ཡིའུ་མིན་གྱིས་ན་ནིང་ཟླ་10པར་ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་སྐྱུག་བཤལ་རིམས་ནད་མཆེད་ཚུན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱས་ཡོད། ཙན་པི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་འཕྲལ་དུ་བརྡ་ལན་ཞུས་ནས་མིག་སྔའི་བར་ཙན་པི་ཡར་ཙན་པི་ཡའི་སྒོར་མོ་ཁོ་ཝ་ཁྲ་ཁྲི་100(ཨ་སྒོར་ཁྲི་10དང་མཚུངས་པ)རི་བའི་མ་དངུལ་དང་། དངོས་ཟོག སྨན་རྫས་སོགས་ཞལ་འདེབས་བརྒྱབ་པ་དང་འབྲེལ། ཙན་པི་ཡར་ཁྲོན་པ་འདྲུ་རོགས་བྱས་ནས་ཆུ་གཙང་མ་སྤྱོད་ཐུབ་པ་བྱས་ཡོད། ད་ཐེངས་དངུལ་ཞལ་འདེབས་བརྒྱབ་པ་ཕུད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རིགས་གཅིག་མཁས་ཅན་གྱི་ལས་དོན་ཚོགས་ཆུང་བཏང་ནས་ཙན་པི་ཡ་ཕྱོགས་དང་རིམས་ནད་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱས་པ་དང་འབྲེལ་མ་འོངས་མཉམ་ལས་ཀྱི་ལས་དོན་ཡང་འཚོལ་ཞིབ་བྱས་པ་རེད། ཕྱོགས་ཁག་གི་འབད་བརྩོན་འོག་ཙན་པི་ཡའི་སྐྱུག་བཤལ་རིམས་ནད་ཚོད་འཛིན་ཐུབ་པ་བྱུང་བ་མ་ཟད། རིམས་ནད་འགོག་པའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་རེད།
         ཆི་ལུའུ་ཧྥེ་ཡ་ཡིས་ཀྲུང་ཙན་རྒྱལ་ཁབ་གཉིས་ནི་གྲོགས་པོ་ཡག་པོ་ཞིག་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཐོག་ཏུ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།