འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲུང་ཕྱིར་གཏོང་རྒྱལ་ཁབ་ཆེ་མོ་བཅུའི་ནང་ཨོ་སི་ཁྲུ་ལི་ཡ་ཚུད་པའི་བརྩོན་ལེན་ཧུར་
    ཐག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨན་པུར་གྱིས་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ཉེ་ཆར་རྒྱལ་སྲུང་ཕྱིར་གཏོང་འཐབ་ཇུས་གསར་པ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ལོ་10ཡི་ནང་ཚུན་དུ་གོ་ལ་ཧྲིལ་པོའི་རྒྱལ་སྲུང་ཕྱིར་གཏོང་གི་རྒྱལ་ཁབ་བཅུའི་ནང་ཚུད་པའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཐེ་ཨན་པུར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་སྲུང་ཕྱིར་གཏོང་འཐབ་ཇུས་གསར་པ་ནི་མ་རྩ་མཉམ་འདྲེས་ཀྱི་འཆར་གཞི་གསར་ཤོས་ཤིག་ཡིན་པ་དང་། འཆར་གཞི་གཞིར་བཟུང་ཨོ་སི་ཁྲུ་ལི་ཡ་དམག་དོན་བཟོ་ལས་སྒྲིག་ཆས་ཕྱིར་འཚོང་ཁེ་ལས་ལ་ཨོ་སྒོར་དུང་ཕྱུར་38(ཨ་སྒོར་ལ་ཕབ་ན་ཨ་སྒོར་དུང་ཕྱུར་30.8ལྷག་ཙམ་ཟིན་པ)དངུལ་བུན་གཏོང་རྒྱུ་རེད། དེར་བརྟེན། སྲིད་གཞུང་གིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་ཕྱིར་གཏོང་གཞུང་ལས་ཁང་གིས་འཐབ་ཇུས་དོན་འཁྱོལ་བྱེད་མཁན་གྱི་འགན་ཁུར་རྒྱུ་མ་ཟད། ཨེ་ཤེ་ཡའི་དབུལ་ཤར་ས་ཁུལ་དང་། ཁ་ན་ཏ། ནེའུ་ཙི་ལན། ཨ་རི། དབྱིན་ཇི་སོགས་ཀྱི་ཁྲོམ་རར་སྔོན་ལ་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད་ཅེས་གསུངས་པ་རེད།
         ཐེ་ཨན་པུར་གྱིས་ད་དུང་ཨོ་སི་ཁྲུ་ལི་ཡའི་ཕྱིར་གཏོང་རྒྱལ་སྲུང་བཟོ་ལས་སྟོབས་ཆེན་ལས་མ་དངུལ་གཏོང་མཁན་གཏན་འཁེལ་རང་བཞིན་མཁོ་འདོན་བྱ་རྒྱུ་དང་རྩེར་སོན་བཟོ་སྐྲུན་ལས་རིགས་མཐོ་རུ་འགྲོ་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།