འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་ཚོད་ལྟའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་གནང་བ་རེད། དེ་ནས་བཟུང་རང་ལྗོངས་ཀྱི་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་སུ་རིམ་གསུམ་ལྟ་ཞིབ་ཨུ་ལྷན་འཛུགས་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ཞིབ་དཔྱོད་ལས་ཁུངས་ཀྱི་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་མི་གྲངས་590སྒྱུར་སྤྲོད་བྱས་པ་དང་ཁོངས་གཏོགས་སྒྱུར་བའི་ལས་བྱེད་པ་309ཚང་མ་ལས་གནས་ཐོག་བསྐྱོད་པ་དེ་ཐོག་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད། 
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོར་ཞུགས་ཡོད་པ་རེད། 
          རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གལ་ཆེན་ཞིག་རེད། སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དུས་ཚོད་རེའུ་མིག་དང་འཆར་གཞིར་གཞིགས་རྒྱུ། ཀྲུང་དབྱང་སྒྲིག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ལྷག་པར་དུ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྐོར་གྱི་ཧྲུའུ་ཅི་ཀྲའོ་ལེ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་རྒྱུ། 
          སྔོན་ལ་ཚོད་ལྟ་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུ་བཅས་ཀྱི་ཐད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་འགུལ་ངང“ལས་དཔོན”གྱི་འགན་འཁྲི་ཁུར་ནས་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞི་ཞིབ་བཤེར་གཏན་འཁེལ་གནང་བ་དང་འབྲེལ། ངོ་ཐུག་གདོང་འཕྲད་ཀྱིས་ཁོངས་གཏོགས་སྒྱུར་བའི་ལས་བྱེད་པའི་བསམ་བློ་ཆབ་སྲིད་ལས་དོན་བསྒྲུབས་པ་དང་སྒྱུར་བཅོས་ཚོད་ལྟའི་ལས་དོན་ནང་གི་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་གནང་བ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་འགན་ནུས་ཕྱེ་བསྒྱུར་དང་མི་སྣའི་ཁོངས་གཏོགས་བསྒྱུར་རྒྱུའི་འགག་སྒོ་དམ་འཛིན་བྱས་པ་མ་ཟད། ཞིབ་དཔྱོད་ལས་ཁུངས་ཀྱི་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་མི་སྣའི་སྒྲིག་ཁོངས་དང་། གྱོད་གཞིའི་ཁུངས་སྣེ། རྒྱུ་ནོར་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་ལ་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་སྒྱུར་བཅོས་སྒྲིག་འཛུགས་པར་ཆེད་དོན་གསོ་སྦྱོང་བྱས་ཏེ་ཁོངས་གཏོགས་སྒྱུར་བའི་ལས་བྱེད་པ་དང་གླེང་མོལ་བྱས་ཐོག་ཡུག་བགོས་ལྟ་སྐུལ་མཛུབ་ཁྲིད་དང་ཉིན་རེར་སྙན་སེང་ཞུ་བ་དང་གཟའ་འཁོར་རེར་སྙན་སེང་ཞུ་བའི་ལམ་ལུགས་བཙུགས་པ་དང་འབྲེལ་ལག་བསྟར་བྱས་པ་དང་། སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པར་བརྟེན་སྒྱུར་བཅོས་ཚོད་ལྟའི་ལས་དོན་བཀོད་སྒྲིག་དང་མཚམས་ཚིགས་ཀྱི་དམ་འཛིན་ཚགས་ཚུད་འགན་ལེན་བྱུང་ཐོག་སྒྱུར་བཅོས་ཚོད་ལྟའི་ལས་དོན་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་ལེན་ཐུབ་ཡོད། 
           བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་བཙུགས་རྗེས་དོ་དམ་དབང་ཚད་གཞིར་བཟུང་ལྗོངས་ཡོངས་ཀྱི་གཞུང་དབང་སྤྱོད་མཁན་གཞུང་ལས་མི་སྣར་ཁྲིམས་ལྟར་ལྟ་ཞིབ་བྱ་རྒྱུ་མ་ཟད། ལྟ་སྐུལ་དང་། བརྟག་དཔྱད། ཐག་གཅོད་བཅས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།