འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཀན་སུའུ་ཡི"ཐིང་རིམ་པའི་དཔོན་རིགས"20ལ་ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་ཞིང་ཆེན་དེ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་ཀྱི་གནད་དོན་གྱི་ཁུངས་སྣེ་21974ཐག་གཅོད་བྱས་པར་འཕར་ཚད་61%ཟིན་པ་དང་། གྱོད་དོན་ཐོ་འགོད་7141བྱས་པར་འཕར་ཚད་28%ཟིན་པ། མི་གྲངས་8905ལ་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པར་འཕར་ཚད་29%ཟིན་པ། དེའི་ནང་གྲོང་ཁྱེར་དང་ཀྲོའུ་དང་ཞིང་ཆེན་ཐད་གཏོགས་ཚན་པ་ཁག་གི་འགོ་ཁྲིད་གཙོ་བོ་20ལ་ཞིབ་བཤེར་ཐག་གཅོད་བྱས་པས། ཞིང་ཆེན་ཡོངས་སུ་ཟིལ་གནོན་ཆེན་པོ་ཞིག་ཆགས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ཀྱིས་མང་ཚོགས་ཀྱིས་གླེང་མང་བའི་གཙོ་གནད་མི་སྣར་དམ་པོར་དམིགས་པ་དང་ཞིང་ཆེན་གྱི་དོ་དམ་ལས་བྱེད་པ་56དང་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་457ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་60%དང་83%སོ་སོར་འཕར་བ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་མི་དང་དངུལ་གཉིས་ཀར་དོ་སྣང་བྱས་པ་མ་ཟད། གཙོ་བོ་ལས་ཀར་དོ་སྣང་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་གནད་དོན་1030ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་གྲངས་1992ཐག་གཅོད་བྱས་པའི་ནང་། མི་གྲངས་1494ལ་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་གྲངས་38ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་བ་རེད། དེ་དང་དུས་མཚུངས། “གནམ་དྲའི་2017ལོའི་ཆེད་དོན་བྱ་སྤྱོད”ལག་ལེན་བསྟར་ནས་ཕྱིར་བྲོས་བྱོལ་སོང་བའི་མི་3བདའ་འདེད་བཏང་བའི་དེའི་ནང“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི”མི་2ཡོད། དེས་མ་ཚད“ཤེས་རྟོགས་ཡིག་བསྐུར་ལམ་སྲོལ”བཙུགས་ནས་2016ལོ་ཚུན་ཐག་གཅོད་བྱས་པའི་གནད་དོན་10500ཡི་དོ་བདག་རེ་རེར་ཡི་གེ་བསྐུར་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་སླར་གསོ་དང་ཏང་ཡོན་ལས་བྱེད་པའི་ཉེས་པ་དག་སེལ་བྱས་པ་རེད།
         འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་ཀན་སུའུ་ཡིས་གྲོང་ཁྱེར་དང་ཀྲོའུ་14དང་ཞིང་ཆེན་ཐད་གཏོགས་ཚན་པ་172ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱས་པ་མ་ཟད། མིང་གྲལ་རྗེས་མར་ལུས་པའི་ཚན་པ་9བསྐོང་འདྲི་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱི་ཏང་ཨུད་ཀྱིས་ལས་ཀའི་ཚད་གཞི་ཁག་6དང་ལས་ཀའི་བྱེད་ཐབས་48བཟོ་རྒྱུར་སྐུལ་འདེད་བཏང་སྟེ་ཁེ་ལས་ཏང་སྲིད་ཀྱི་འགན་འཁུར་བ་དང་གླེང་མོལ་ཐེངས་6477བྱས་པ་དང་། ཏང་འཛུགས་སྐྱོང་གི“ནུས་མེད་ཉམས་ཞན་དང་སྣང་མེད་མཐའ་ཟུར་དུ་ལུས་པ”སོགས་ཀྱི་གནད་དོན་ཡོ་བསྲང་དང་ཐག་གཅོད་བྱས་པ། ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་དང་མཐོ་སློབ་བཟོ་ཨུད་ཀྱིས་སྐོར་བཤེར་ཚོགས་ཆུང་འཛུགས་རྒྱུར་སྐུལ་འདེད་བཏང་ནས། མཐོ་སློབ་10ལ་སྐོར་བཤེར་བྱས་པ་དང་དག་ཐེར་གནད་དོན་274ཤེས་པ་དང་འབྲེལ་སྐུལ་འདེད་ཀྱང་བཏང་བ། གྲོང་ཁྱེར་དང་ཀྲོའུ་11ལ་མཉམ་སྡེབ་བསྐོང་འདྲི་བྱས་པ་དང་ཤང་གྲོང་360ལ་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ཐག་གཅོད་བྱེད་རིང“ཞིབ་བཤེར་ཐག་གཅོད་གཅིག་ཀྱང་མེད་པའི”གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
         དེ་དང་ཆབས་ཅིག ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ཀྱིས་དཔོན་པོས་རང་འགན་མི་སྒྲུབ་པའི་གནད་དོན་ཐག་གཅོད་ནན་པོ་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་ལ་དགོས་པའི་ལས་ཀ་མི་བྱེད་པ་དང་། མི་དགོས་པའི་ལས་རྙོག་བཟོ་བ། དེ་བཞིན་མི་བདེན་རྫུན་སྒྲིག་བཅས་ཕྱོགས་གསུམ་ཐད་ཀྱི་གནད་དོན་ཁག་10ཡི་ཞིབ་བཤེར་མཚོན་ཚུལ་ལ་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་བ། ཚན་པ་833ལ་བཀའ་རྒྱ་བཏང་ནས་ཞིབ་བཤེར་རམ་ཡང་ན་སྐྱོན་བརྗོད་ཀྱི་བརྡ་ཐོ་བཏང་བ་དང་། མི་གྲངས་585ལ་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ། མི་9ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་ཡོད། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་དེ་ཡོངས་སུ་ཏང་ནང་ཁུལ་གྱི་འགན་འཁྲི་བདའ་འདེད་271དང་མི་གྲངས་410དང་སྲིད་འཛིན་གྱི་འགན་འཁྲི་བདའ་འདེད་739ཡི་མི་1669ལ་ལག་ལེན་བསྟར་བ་དང་། དེའི་ནང་མི་གྲངས་216ལ་མདོ་ལ་རིང་མོའི་སྣོད་བཅུད་གནད་དོན་གྱི་འགན་འཁྲི་བདའ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།