འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སུའུ་མིང་ཅན་གསུམ་
    གྱི་མེས་པོའི་མཆོད་ཁང་གི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་གི་གཟི་བརྗིད་མཚན་སྙན་
    ལག་ཁྱེར་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སི་ཁྲོན་མེ་ཧྲན་གྱི་སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་གི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་གི་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་གིས་འཛམ་གླིང་ཐོག་ཀྲུང་གོའི་རིག་གནས་དར་སྤེལ་གཏོང་བར་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་བྱས་ཡོད། སུའུ་ཧྲེ་དང་། སུའུ་མིང་ཅན་གསུམ། ཏུང་ཕོའི་རིག་གནས། སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་བཅས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། སུའུ་ཧྲེ་ནི་ཀྲུང་གོའི་མི་ཚུལ་རིང་ལུགས་ཀྱི་ཕུལ་བྱུང་གི་མཚོན་བྱེད་ཅིག་ཞིག་ཡིན་པས་ཀྲུང་གོའི་རིག་གནས་ལ་ཤུགས་རྐྱེན་གལ་ཆེན་དང་ཐ་ན་གདིང་རྩའི་ཤུགས་རྐྱེན་ཐེབས་ཡོད་ལ་འཛམ་གླིང་ཁྱབ་ཁོངས་ནང་དུའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཏུང་ཕོའི་རིག་གནས་ནི་མེ་ཧྲན་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་པ་དང་ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་ནི་སུའུ་མིང་ཅན་གསུམ་གྱི་བཞུགས་ཡུལ་དང་། ཏུང་ཕོའི་རིག་གནས་དར་ཡུལ། འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་ཡུལ་སྐོར་གནས་མཆོག ཀྲུང་གོའི་ཉམས་འགྱུར་ཟབ་མོ་ལྡན་པའི་སྐྱེད་ཚལ་བཅས་ཡིན་པས་རིག་གནས་མཚོན་བྱེད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ་ནི་ཀྲུང་གོའི་རིག་གནས་དར་སྤེལ་གཏོང་བ་དང་འཛམ་གླིང་རིག་གནས་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཧྲན་ནི་སུང་རྒྱལ་རབས་ཀྱི་ཕུལ་བྱུང་རྩོམ་པ་པོ་སུའུ་ཞུན་དང་། སུའུ་ཧྲེ། སུའུ་ཁྲེ་བཅས་ཀྱི་ཕ་ཡུལ་ཡིན། སུའུ་མིང་ཅན་གསུམ་གྱི་མེས་པོའི་མཆོད་ཁང་ནི་ད་ལྟ་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཡག་ཤོས་ཐུབ་པའི་སུའུ་མིང་ཅན་གསུམ་གྱི་དྲན་གསོའི་མཆོད་ཁང་ཞིག་ཡིན་པ་དང་། དེར་རིག་དངོས་ཁྲི་སྟོང་ཉར་ཚགས་བྱས་ཡོད་པས། ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་དང་A4རིམ་པའི་མཛེས་ལྗོངས་ཁུལ་ཞིག་ཀྱང་ཡིན།
         ཉེ་བའི་ལོ་ཤས་རིང་། མེ་ཧྲན་གྲོང་ཁྱེར་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་པོ་བྱས་པ་དང་སྔ་རྗེས་སུ“དམངས་ཁྲོད་རིག་གནས་སྲུང་སྐྱོང་འདུ་འགོད”ཀྱི་འགོ་ཁྲིད་ཚོགས་ཆུང་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་སོགས་ལས་དོན་ཚོགས་ཆུང་བཙུགས་པ་རེད། 《མེ་ཧྲན་གྲོང་ཁྱེར་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོང་འདུ་འགོད་ལག་བསྟར་ཇུས་གཞི་》དང་། 《མེ་ཧྲན་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་འདུན་ཞུའི་ལག་བསྟར་བྱ་ཐབས་》 《མེ་ཧྲན་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོང་དོ་དམ་སྲོལ་ཡིག་》བཅས་བཟོས་ཡོད། རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས་སྲུང་སྐྱོང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལོ་རྒྱུས་ལྡན་པའི་བཟོ་སྐྲུན་དང་གྲོང་གསེབ་ཀྱི་མཚོན་བྱེད་རང་བཞིན་གྱི་མིང་གྲགས་སྒོ་ར་སྲུང་སྐྱོང་བྱ་རྒྱུ་ཡོངས་ལ་ཁྱབ་པ་བྱས་ནས་རིག་དངོས་སྲུང་སྐྱོང་གི་ཉམས་མྱོང་ཞིང་ཆེན་ཁྱོན་ལ་སྤེལ་རེས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།