འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པས་གསར་དུ་བསྐོས་
    པའི་འཐུས་མིའི་གསོ་སྦྱོང་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པས་གསར་དུ་བསྐོས་པའི་འཐུས་མིའི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཁ་བྱང་དུ་《འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱས་ནས་འཐུས་མིའི་འགན་འཁྲི་ལག་ལེན་ཏན་ཏིག་བྱེད་》ཅེས་པའི་གསོ་སྦྱོང་འཆད་ཁྲིད་བྱས་པ་རེད།
         ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུས་འཐུས་མིའི་བཅའ་ཁྲིམས་ལ་དམིགས་ཏེ་འཐུས་མིའི་འགན་འཁྲི་ལག་ལེན་བསྟར་བའི་གཞི་རྩའི་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ངོ་སྤྲོད་བྱས་པ་དང་འཐུས་མི་འདེམས་ཐོན་དང་། ངོ་བོ། གནས་བབ་བཅས་ཀྱི་ཐད་ནས་ཚོགས་ཆེན་འཚོག་རིང་དང་གྲོལ་རྗེས་ཀྱི་འཐུས་མིའི་ལས་དོན་དང་དེ་བཞིན་འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འགོ་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་1ཚེས་16ཉིན་ལྷ་ས་གྲོང་ཁྱེར་སོགས་འདེམས་བསྐོའི་ཚན་པ་24ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་འབྲེལ། འཐུས་མི་439བདམས་པ་ལས་འཐུས་མི་64%ནི་གསར་དུ་བདམས་པ་ཞིག་རེད། འབྲེལ་ཡོད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཐུས་མིའི་འགན་འཁྲི་ལག་བསྟར་ཐད་ད་དུང་སློབ་སྦྱོང་བྱེད་དགོས་པ་མང་པོ་ཡོད་པས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།