འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལམ་ཡིག་ཞུ་བར་ཞིང་ཆེན་ནང་ཁུལ་དུ་རིན་པ་མི་དགོས་པ་པར་བླངས་ནས་འགྲོ་ལུགས་
    བསྒྲུབ་ཆོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལམ་ཡིག་ཞུ་བར་ཞིང་ཆེན་ནང་ཁུལ་དུ་རིན་པ་མི་དགོས་པ་པར་བླངས་ནས་འགྲོ་ལུགས་
བསྒྲུབ་ཆོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། སྤྱི་བདེ་པུའུ་ཡིས་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་ཏུ་རྡབ་ཁྱབ་བཏང་གསལ་དུ། སྤྱི་བདེ་པུའུ་ཡིས་རྒྱལ་ཁོངས་བརྒལ་བའི་ལམ་ཡིག་གཅིག་བསྡུས་ཐོག་སྟབས་བདེར་གཏོང་ཐབས་བྱས་པ་ཁག་བརྒྱད་ཀྱི་ནང་། ཉེ་འཁོར་ནས་ལམ་ཡིག་ཞུ་བ་དང་། རང་འགུལ་འཕྲུལ་ཆས་ནས་ལམ་ཡིག་ལེན་པ། རིན་པ་མི་དགོས་པར་དཔར་རྒྱག་པ། རྒྱལ་ཁོངས་གཞན་གྱི་ཀྲུང་གོ་བ། མཐའ་མཚམས་ཞིབ་བཤེར་རང་འགུལ་འཕྲུལ་ཆས་ཀྱིས་འགག་སྒོ་སྒྲོལ་བ་སོགས་དང་འབྲེལ་ཡོད་པ་དང་། དེ་ནི་ཟླ་2ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ལམ་ཡིག་ཞུ་མཁན་ཁ་ཤས་ཀྱིས་ཉེ་འཁོར་ནས་ལམ་ཡིག་ཞུ་ཆོག་པ་སྟེ། བྱེད་ཐབས་གསར་པའི་གཏན་འབེབས་ལྟར་ན། ཞིང་ཆེན་ནང་ཁུལ་གྱི་སྡོད་དམངས་ཀྱིས་ཞིང་ཆེན་ནང་ཁུལ་ནས་སུ་ལམ་ཡིག་ཞུ་ཆོག་པ་དང་། ལམ་ཡིག་ཞུ་མཁན་གྱིས་ཐེམ་ཐོ་ཡོད་སའི་ཞིང་ཆེན་ནང་ཁུལ་དུ་རྫོང་རིམ་པ་ཡན་གྱི་སྤྱི་བདེ་པུའུ་ཡི་ལམ་ཡིག་དོ་དམ་ལས་ཁུངས་ནས་སྤྱིར་བཏང་གི་ལམ་ཡིག་ཞུ་ཆོག་པ་དང་། ཞང་ཀང་དང་ཨའོ་མོན་དུ་བགྲོད་པའི་ལམ་ཡིག་དང་ལམ་ཡིག་གསལ་མཆན་ཞུ་ཆོག་པ་རེད། 
          བྱེད་ཐབས་གསར་པ་རུ་གཏན་འབེབས་བྱས་དོན། ཆ་རྐྱེན་འཛོམས་པའི་ཞིང་ཆེན་ཕྱིའི་སྡོད་དམངས་ཀྱིས་རྗེས་མར་ཉེ་འཁོར་ནས་ལམ་ཡིག་ཞུ་ཆོག་པ་རེད། གྲོང་ཁྱེར་གྱི་ཐེམ་ཐོ་ཡིན་པའི་སྡོད་དམངས་ཀྱི་ཞིང་ཆེན་ཕྱི་རོལ་དུ་ཡོད་པའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་རང་སྡོད་གནས་ཀྱི་ཐེམ་ཐོ་ཡོད་སའི་གྲོང་ཁྱེར་ཉེ་འཁོར་ནས་སྤྱི་བཏང་གི་ལམ་ཡིག་དང་། ཞང་ཀང་དང་ཨའོ་མོན་དུ་སྐྱོད་པའི་ལམ་ཡིག་གསལ་མཆན། ཐའེ་ཝན་དུ་སྐྱོད་པའི་ལམ་ཡིག་གསལ་མཆན་ཞུ་ཆོག་པ་རེད། 
         གཏན་འབེབས་ལྟར་ན། རྒྱལ་མཚམས་ནས་འགྲོ་འོང་བྱེད་རིགས་བདག་སྤྲོད་བྱེད་ཡུལ་གྱིས་ལམ་ཡིག་ཞུ་མཁན་ལ་རིན་པ་མི་དགོས་པར་ལམ་ཡིག་གི་པར་ལེན་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད། (ཤོག་ངོས་སུ་བསྐྱར་པར་ལེན་པའི་རིགས་འདིར་ཚུད་མེད།)
      

    ཕྱོགས་བསྡུས་གསར་འགྱུར།