འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀླུ་ནང་གྲོང་རྡལ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མི་ཉིན་ཤས་གོང་ལ། ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་སོགས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་9རྒྱལ་ཁབ་ཡུལ་སྐོར་ཅུད་ཀྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་མིང་ཐོའི་ནང་ཚུད་ཡོད་པ་རེད། དེའང་ད་ལྟ་བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་གཅིག་པུ་ཡིན་པ་དང་། ད་ལྟའི་བར་དུ། རྒྱལ་ཡོངས་སུ་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཡུལ་སྐོར་མཛེས་ལྗོངས་ཁུལ་26ལས་མེད་པ་རེད།
         རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་སོགས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁོངས་དང་མི་འདྲ་བ་ནི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཁོངས་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ཡིན་པ་དེ་རེད། དེའི་གོང་ལ་ཡོངས་བསྒྲགས་བྱས་པའི་《ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་རིམ་པ་དབྱེ་བའི་ཞིབ་སྲོལ་》གཞིར་བཟུང་ན། རྒྱལ་ཡོངས་ས་གནས་ཁག་གི་གྲགས་ཅན་མཛེས་ལྗོངས་ཁུལ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཞིག་ཏུ་འགྱུར་འདོད་ན། ངེས་པར་དུ་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན། དོ་དམ་སྒྲིག་གཞི་ནུས་ལྡན་སོགས་བཙན་ཤེད་རང་བཞིན་གྱི་དམིགས་ཚད་ཁག་8དང་མཐུན་དགོས་པ་རེད།
         ཀླུ་ནང་གྲོང་རྡལ་མགྱོགས་མྱུར་ངང"རྒྱལ་ཁབ་རིམ་པའི"སྤྲོ་གསེང་ཁུལ་དུ་འགྱུར་བ་དེ། ཀོང་ཏུང་ཞིང་ཆེན་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་དབང་གིས་ཡིན་ཞིང་། དེ་ནི་ད་ཕན་རྒྱལ་ཡོངས་སུ་བོད་སྐྱོར་ཡུལ་སྐོར་རྣམ་གྲངས་ཆེ་ཤོས་ཡིན་ལ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་35ཙམ་བཞག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།