འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིའི་རྒྱལ་སྲུང་ཐབས་ཇུས་ཀྱི་སྙན་ཞུར་དམིགས་ནས་ལནབསློགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་《རྒྱལ་སྲུང་ཐབས་ཇུས་》སྙན་ཞུར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཧྭ་ཁྲུན་དབྱིང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ལན་འདེབས་སྐབས། སྙན་ཞུ་དེའི་ནང་ཀྲུང་གོའི་རྒྱལ་སྲུང་དང་ཕྱི་འབྲེལ་སྲིད་ཇུས་འཁྱོག་བཤད་བྱས་ཡོད་པ་དང་། གཏིང་གི་ནོར་འཁྲུལ་ཤོར་ཡོད་ཚུལ་བསྟན་པ་རེད། 
         གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཚེས་19ཉིན་སྤེལ་བའི་སྙན་ཞུ་ནང་ཀྲུང་གོ་དང་འབྲེལ་བའི་སྐོར་ཁ་ཤས་སུ་ཀྲུང་གོར་ཁ་རྡུང་བཏང་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་མ་འོངས་པའི་འཆར་གཞི་ནི་འཛམ་གླིང་སྣེ་ཁྲིད་མཁན་གཙོ་བོར་གྱུར་པའི་ཨ་རིའི་གོ་གནས་ཀྱི་ཚབ་བྱེད་རྩིས་ཡོད་པའི་འདོད་ཚུལ་བཟུང་ཡོད་པ་བཀོད་ཡོད་པ་རེད།
         ཧྭ་ཁྲུན་དབྱིང་ཡིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེལ་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཡིན་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།