འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་རླངས་འཁོར་བྲིན་ཚད་3%འཕར་ནས་ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་
    ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོ་རླངས་འཁོར་བྲིན་ཚོང་ཐད“གསར་བརྟན་རྙིང་མགྱོགས”ཀྱི་རྣམ་པ་བཟང་པོ་ཐོན་ཡོད། རླངས་འཁོར་ཁྲོམ་རའི་མྱུར་ཚད་དེ་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་སྒྱུར་ཏེ་རླངས་འཁོར་ཁྲོམ་རའི་འཕེལ་རྒྱས་དེ་བས་མཐུན་སྦྱོར་དང་དོ་སྙོམས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
         “གསར་བརྟན”ཞེས་པ་དེ་ནི་རླངས་འཁོར་གསར་པའི་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་འཁྱོངས་བྱུང་བར་ཟེར་ཞིང་། 2017ལོར་རང་རྒྱལ་གྱི་རླངས་འཁོར་བྲིན་ཚད་ཁྲི་2887.9ཟིན་པ་དེ་དུས་མཚུངས་ལས་3%འཕར་ཏེ་སླར་ཡང་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ནས་ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། རླངས་འཁོར་འཛད་སྤྱོད་ཀྱི་གྲུབ་ཆ་ཡང་སྔར་བས་བཟང་སྒྲིག་བྱུང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་བྲིན་ཚད་53.3%ཟིན་པ་དང་རང་བརྟེན་སྤུས་རྟགས་ཀྱི་རླངས་འཁོར་ཁྲོམ་རའི་གྲངས་འབོར་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་ཡོད། “རྙིང་མགྱོགས”ཞེས་པ་དེ་ནི་གཉིས་བརྒྱུད་རླངས་འཁོར་ཁྲོམ་ར་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པར་ཟེར་ཞིང་། 2016ལོར་མགྱོགས་མྱུར་འཕར་བའི་རྨང་གཞིའི་ཐོག་སྔོན་དཔག་བྱས་ན་2017ལོར་ཉིས་བརྒྱུད་རླངས་འཁོར་བྲིན་ཚད་ཁྲི་1200བརྒལ་བ་དེ་དུས་མཚུངས་ལས་20%ཙམ་འཕར་ཡོད།
         དེ་དང་ཆབས་ཅིག་རླངས་འཁོར་འཛད་སྤྱོད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2017ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ཚད་འབོར་ཡན་གྱི་རྩིས་གཞིའི་རླངས་འཁོར་རིགས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.8ཙམ་ཟིན་པ་དེ་དུས་མཚུངས་ལས་6%འཕར་བ་དེས་དུས་མཚུངས་ཚན་འབོར་ཡན་གྱི་རྩིས་གཞིའི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་26%བཟུང་ཡོདཔ་རེད།
      

    ཕྱོགས་བསྡུས་གསར་འགྱུར།