འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི"ཚོགས་ཆེན་གཉིས"ཟླ་1ཚེས་23ཉིན་ནས་འཚོག་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། བོད་རང་སྐྱོང་ལྗོངས་ཀྱིས"ཚོགས་ཆེན་གཉིས"སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་གཉིས་སོ་སོ་ཟླ་འདིའི་ཚེས་23ཉིན་དང་ཚེས་24ཉིན་གཉིས་ལ་ལྷ་སར་འཚོག་འགོ་ཚུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ད་ལྟ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་ཡོད་པ་རེད།
          གྲོས་རིམ་བཀོད་སྒྲིག་བྱས་པར་གཞིགས་ན། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཚེས་23ཉིན་འཚོག་འགོ་ཚུགས་རྒྱུ་ཡིན་པ་དང་། ཚེས་29ཉིན་མཇུག་བསྒྲིལ་རྒྱུ་ཡིན་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཚེས་24ཉིན་འཚོག་འགོ་ཚུགས་རྒྱུ་ཡིན་པ་དང་། ཚེས་30ཉིན་མཇུག་བསྒྲིལ་རྒྱུ་ཡིན་ཞིང་། ཚོགས་ཆེན་འཚོག་ཡུན་ཉིན་བདུན་རེད།
      

    ཕྱོགས་བསྡུས་གསར་འགྱུར།