འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཁྲག་སྦྱིན་འབུལ་བྱ་རྒྱུ་དེ་བསམ་པའི་དཔལ་ཡོན་གྱི་དཔྱད་ཞིབ་མ་ལག་ནང་
    བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཤེས་དཔལ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་དང་ཞིང་ཆེན་ཡོངས་ཀྱི་ཁྲག་སྦྱིན་འབུལ་བའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཁྲག་སྦྱིན་འབུལ་བའི་ལས་དོན་དེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་དཔྱད་ཞིབ་ཁྱབ་ཁོངས་ནང་བཅུག་ནས་ནད་ཐོག་སྨན་བཅོས་ཀྱི་ཁྲག་གི་དགོས་མཁོ་དང་བདེ་འཇགས་འགན་ལེན་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཤེས་དཔལ་ཚན་པས་ཁྲག་སྦྱིན་འབུལ་བྱ་རྒྱུ་དེ“ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་ཚན་པ། ཤེས་དཔལ་སྡེ་ཁུལ་བཅས་གཏོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཕན་བྱ་གཞག་ཏུ་བརྩིས་ནས་དུས་རྒྱུན་ནས་དམ་འཛིན་ལྷོད་མེད་བྱེད་པ་དང་ལས་བྱེད་པ་དང་ལས་བཟོའི་ལེགས་སྐྱེས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཁྲག་སྦྱིན་འབུལ་བ་དང་ཤེས་དཔལ་གཏོད་པའི་བྱེད་སྒོའི་གཉིས་ཕན་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་《རྒྱལ་ཡོངས་ཀྱི་ཁྲག་སྦྱིན་འབུལ་བའི་གཟེངས་བསྟོད་བྱ་དགའི་བྱེད་ཐབས་》གཞིར་བཟུང་། རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་ཁྲག་སྦྱིན་འབུལ་བའི་སྤྱི་ཕན་བྱེད་སྒོའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། རིམ་ཁག་ཤེས་དཔལ་གཞུང་ལས་ཁང་གིས་ཁྲག་སྦྱིན་འབུལ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཚུལ་དེ་ཤེས་དཔལ་ཚན་པ་དང་དང་བླངས་པ་ཡག་ཤོས་དཔྱད་འདེམས་བྱེད་པའི་དཔྱད་ཞིབ་ཀྱི་ནང་དོན་དུ་བརྩིས་ནས་ཁྲག་སྦྱིན་འབུལ་བའི་ནང་ཞུགས་ཚད་དང་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།