འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ནུབ་རྒྱུད་ནས་བོད་དུ་སྐྱོད་པའི་མ་ལམ་གསར་པ་དབུན་སྨར་མྱུར་བགྲོད་གཞུང་ལམ་
    འདི་ལོ་སྤྱི་ལེ་100ཡན་ལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གསུམ་འགག་སྒྲོལ་འབད་འཐབ་བྱས་པ་བརྒྱུད། ནང་ས་ནས་སི་ཁྲོན་རྔ་བ་བོད་རིགས་ས་ཁུལ་དང་ཆའང་རིགས་ས་ཁུལ་དུ་བསྐྱོད་པ་དང་དེ་ནས་སི་ཁྲོན་ནས་ཐོན་ཏེ་བོད་དང་། མཚོ་སྔོན། ཤིན་ཅང་བཅས་དང་སྦྲེལ་བའི་དབུན་ཁྲོན་ནས་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་སྐྲུན་ལས་གྲྭ་མིག་སྔར་60%ལྷག་ཙམ་ལེགས་གྲུབ་ཟིན་ཡོད། སྔོན་རྩིས་བྱས་ན། 2018ལོའི་ལོ་མཇུག་ཏུ་ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་ལམ་དུམ་རེ་གཉིས་ཕུད། དབུན་ཁྲོན་ནས་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དུམ་བུ་ཕྱེ་ནས་སྤྱི་ལེ་100ཡན་ལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དེས་ས་གནས་དེ་གའི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་འགྲོ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དབུན་ཁྲོན་ནས་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་G317དང་མཉམ་གཤིབ་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་172ཡོད་པ། འཁོར་ལམ་བཞི་ལྡན་གྱི་ཕྱོགས་གཉིས་ལམ་ཡིན་པ། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80འཆར་འགོད་བྱས་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་287བཏང་བ་བཅས་རེད། རྣམ་གྲངས་དེ་སི་ཁྲོན་གཤོང་སའི་རི་ཁུལ་ནས་མཚོ་བོད་ས་མཐོའི་བར་བརྒལ་ཁུལ་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་1320ནས་3225བར་མཐོ་རུ་ཕྱིན་པ། ད་དུང་ཟམ་པ་121དང་ཕུག་ལམ་32ཡོད་པས་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་86.5%ཟིན་ནས“མཁའ་ཐོག་མྱུར་བགྲོད་ལམ་བུ”ཞེས་བརྗོད་ཀྱི་ཡོད།
         དབུན་ཁྲོན་ནས་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཀུང་སིའི་ཏུང་ཧྲེ་ཀྲང་མའོ་ལིས་དབུན་ཁྲོན་ནས་སྨར་ཁམས་བར་གྱི་གཞུང་ལམ་ནི་འཛམ་གླིང་རིམ་པའི་ལས་གྲྭ་ཞིག་ཡིན་པ་དང་དེར་རྙོག་འཛིང་ཤིན་ཏུ་ཆེ་བའི་ས་བབ་དང་། ས་གཤིས། གནམ་གཤིས། འཛུགས་སྐྲུན་ཁོར་ཡུག་དང་ཉམས་ཞན་གྱི་སྣོད་བཅུད་ཆ་རྐྱེན་འཕྲད་པས་གྱེན་ཐུར་གཟར་པོ་དང་། གངས་གསོག སྣོད་བཅུད་སྲུང་སྐྱོང་། ས་གཤིས་ཀྱི་གནོད་འཚེ་སོགས་འཛུགས་སྐྲུན་གྱི་དཀའ་གནད་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།