འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་བྱས་པས་ཞིང་འབྲོག་པ་ཁྲི་20ཙམ་ལ་
    ཕན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། 2015ལོར་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་ལེན་བསྟར་ཚུན་བོད་ཀྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་ཁྲི་17བྱས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.63བཏང་བ། ཞིང་འབྲོག་པ་ཁྲི་20ཙམ་ལ་ཕན་པ་ཐོབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13463གྱི་མི་65021ཡོད་པ་རེད། སྔོ་ཞིང་དྭངས་བའི་རི་ཆུ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་འདོད་བའི་བོད་ཀྱི་ཞིང་འབྲོག་པ་མི་ཉུང་བ་ཞིག་གི“རྒྱབ་བརྟེན”ལྟ་བུར་འགྱུར་བཞིན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་རྨོ་བསྐྱུར་གཞུང་ལས་ཁང་གི་འགན་འཁུར་བས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་ལེན་བསྟར་བ་ལས་རྩྭ་རྩི་ཤིང་ཁེབས་རྒྱ་ཆེ་རུ་ཕྱིན་པ་དང་། བྱེ་རླུང་གི་གནོད་འཚེ་ཆུང་དུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཆེ་རུ་ཕྱིན་པ། སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ། “ཞིང་པར་ཕན་པ་ཐོབ་པ་དང་། སྣོད་བཅུད་སྲུང་སྐྱོང་ཐུབ་པ། ནགས་ལས་འཕེལ་རྒྱས་ཆེན་པོ་བྱུང་བ”བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་ཇུས་གཞི(2017ལོ་ནས་2020ལོ་བར)》ཡི་བླང་བྱ་གཞིར་བཟུང་བོད་ཀྱིས་གཙོ་གནད་ས་ཁུལ་དབུལ་པོར་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་བྱེད་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ལྗོངས་ཡོངས་སུ་2018ལོ་དང་2019ལོར་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་བྱེད་ཁྱོན་མུའུ་ཁྲི་15ལྷག་ཙམ་མང་དུ་གཏོང་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།