འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། གསར་འགོད་པར་ཞིང་ལས་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོའི་རང་རྒྱལ་གྱི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་འཕེལ་རིམ་གསར་པ་བྱུང་བ་དང་། འབྲུ་རིགས་ཀྱི་གོང་ཚད་གཏན་འཁེལ་ལམ་སྲོལ་དང་ཞིང་ཞོར་ཐོན་རྫས་བསྡུ་ཉར་ལམ་ལུགས་སྒྱུར་བཅོས་ལ་དངོས་ཕན་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་ཞིང་ཞོར་ཐོན་རྫས་ཀྱི་ཁྲོམ་རའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་རེད། ལོ་ཧྲིལ་པོར“ཞིང་ཞོར་ཐོན་རྫས་སྡེབ་ཚོང་རིན་གོང་གི་སྟོན་གྲངས་200”ཡི་ཆ་སྙོམས་རིན་ཐང་100.14(2015ལོར་100ཡིན་པ་གཞིར་བཟུང)ཡིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས་5.60ཆག་པའི་ཁྲོད“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་200ཡི་སྟོན་གྲངས་99.91ཡིན་པ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.65ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།