འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཟླ་12པར་གཙོ་གནད་གྲོང་ཁྱེར་དུ་གསར་སྐྲུན་བྱས་པའི་ཚོང་ལས་སྡོད་ཁང་
    གི་རིན་གོང་སྤྱིར་ན་བརྟན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་2017ལོའི་ཟླ་12པའི་གྲོང་ཁྱེར་ཆེ་འབྲིང་70ཡི་སྡོད་ཁང་གི་ཕྱིར་ཚོང་རིན་གོང་བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། གཙོ་གནད་གྲོང་ཁྱེར་དུ་གསར་སྐྲུན་བྱས་པའི་ཚོང་ལས་སྡོད་ཁང་གི་རིན་གོང་སྤྱིར་ན་བརྟན་པོ་བྱུང་ཡོད་པ་དང་གྲོང་ཁྱེར་མང་ཆེ་བ་ལོ་གོང་མའི་དུས་མཚུངས་ཀྱི་རིན་གོང་གི་ཆུ་ཚད་ལས་དམའ་བ་ཡོད་པ་རེད།
          ན་ནིང་ཟླ་12པར“རིགས་དབྱེ་སྙོམས་སྒྲིག་ཚོད་འཛིན་དང་གྲོང་ཁྱེར་ལ་བརྟེན་ནས་ཐབས་ཇུས་ལག་བསྟར་བྱེད་པའི”ས་ཁང་བདག་ཁོངས་ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན་གྱི་སྲིད་ཇུས་ཕན་འབྲས་མུ་མཐུད་མངོན་པ་དང་གྲོང་ཁྱེར་ཆེ་འབྲིང་70ཡི་ཁྲོད་གཙོ་གནད་གྲོང་ཁྱེར་15ཡིས་གསར་སྐྲུན་བྱས་པའི་ཚོང་ལས་སྡོད་ཁང་གི་ཟླ་གོང་མའི་རིན་གོང་ཚང་མ་བརྟན་པོའི་ཁྲོད་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ས་ཁང་བདག་ཁོངས་ཁྲོམ་ར་སྤྱིར་ན་མུ་མཐུད་བརྟན་པོ་ཡོད་པ་རེད།
          གྲོང་ཁྱེར་ཆེ་འབྲིང་70ཡི་ཁྲོད་རིམ་པ་དང་པོའི་གྲོང་ཁྱེར་གྱི་ཁང་པའི་རིན་གོང་དུས་མཚུངས་ཀྱི་འཕར་ཚད་ལས་མུ་མཐུད་ཆག་ཡོད་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་ཁྱེར་སིའི་མཐོ་རིམ་བསྡོམས་རྩིས་པ་ལིའུ་ཅན་ཝུའེ་ཡིས་ངོ་སྤྲོད་བྱས་པར། ཚོད་རྩིས་ལ་གཞིགས་ན། རིམ་པ་དང་པོའི་གྲོང་ཁྱེར་དུ་གསར་དུ་བསྐྲུན་པའི་ཚོང་ལས་སྡོད་ཁང་དང་ཉིས་བརྒྱུད་སྡོད་ཁང་གི་རིན་གོང་དུས་མཚུངས་ཀྱི་འཕར་ཚད་ཚང་མ་ཟླ་15བསྟུད་མར་ཆག་ནས་ན་ནིང་ཟླ་12པ་དང་ཟླ་11པར་བརྒྱ་ཆའི་གྲངས་0.1དང་0.4སོ་སོར་ཆག་པ་དང་། རིམ་པ་གཉིས་པའི་གྲོང་ཁྱེར་དུ་གསར་དུ་བསྐྲུན་པའི་ཚོང་ལས་ཀྱི་སྡོད་ཁང་རིན་གོང་དེ་དུས་མཚུངས་ཀྱི་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་པ་དང་ཉིས་བརྒྱུད་སྡོད་ཁང་གི་རིན་གོང་དུས་མཚུངས་ཀྱི་འཕར་ཚད་ཟླ་གོང་མ་དང་མཚུངས་ཡོད་པ་རེད། རིམ་པ་གསུམ་པའི་གྲོང་ཁྱེར་དུ་གསར་དུ་བསྐྲུན་པའི་ཚོང་ལས་སྡོད་ཁང་གི་རིན་གོང་འཕར་ཚད་དེ་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ་དང་ཉིས་བརྒྱུད་སྡོད་ཁང་གི་རིན་གོང་འཕར་ཚད་དེ་ཟླ་5བསྟུད་མར་ཆག་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།