འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་སྒུལ་བདེའི་གཏོང་སྤྲོད་བདེ་འཇགས་ཀྱི་བརྟག་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གྱིས་《2017ལོའི་སྒུལ་བདེའི་དྲ་སྦྲེལ་གཏོང་སྤྲོད་བདེ་འཇགས་ཀྱི་བརྟག་ཞིབ་སྙན་ཞུ་》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ལག་ཐོགས་ཁ་པར་ནས་མྱུར་སྤྲོད་བྱེད་པ་དེ་2017ལོའི་ཁྲོམ་རའི་ཐོབ་སྐལ་འཕར་ཚད་མགྱོགས་ཤོས་ཀྱི་སྒུལ་བདེའི་གཏོང་སྤྲོད་ཐོན་རྫས་ཤིག་ཏུ་འགྱུར་པ་དང་། དུས་མཚུངས་སྤྱོད་མཁན་མི་ཚོགས་ཀྱི་གྲུབ་ཆ་ཡང་མངོན་གསལ་དོད་པོས་འགྱུར་ལྡོག་བྱུང་ནས་རིམ་པ་མཐོ་འབྲིང་གི་མི་ཚོགས་ནས་སྤྱི་ཚོགས་ཀྱི་དམངས་ཚོགས་སར་ཁྱབ་ཡོད། གཏོང་སྤྲོད་ཀྱི་ཞིབ་བཤེར་ར་སྤྲོད་བྱ་ཐབས་ཐད་སྲོལ་རྒྱུན་གྱི་གསང་བའི་ཨང་གྲངས་ཀྱི་ཞིབ་བཤེར་ར་སྤྲོད་བྱེད་ཐབས་སྤྱད་པའི་བསྡུར་གྲངས་དེ་2016ལོ་ལས་25%ཆག་པ་དང་། འགུལ་རྣམ་གྱི་ཞིབ་བཤེར་ར་སྤྲོད་ཨང་གྲངས་སྤྱོད་མཁན་གྱི་བསྡུར་གྲངས་དེ་ལོ་གཉིས་བསྟུད་མར་ཆག་ཡོད། བརྟག་ཞིབ་བྱེད་རིང་མཛུབ་རིས་ཀྱི་དབྱེ་འབྱེད་ཐབས་ཤེས་སྤྱོད་མཁན་གྱི་བསྡུར་གྲངས་48%ཟིན་གྱི་ཡོད་པ་གསལ་ཡོད།
          བརྟག་ཞིབ་ལས་མངོན་གསལ། ལོ་རབས་70དང་80རྗེས་སྐྱེས་པ་དག་མིག་སྔའི་དྲ་རྒྱའི་ཐོག་འཛད་སྤྱོད་བྱེད་མཁན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། དེའི་ཁྲོད་སྐྱེས་པས་ཟླ་རེར་ཆ་སྙོམས་བྱས་ན་འཛད་སྤྱོད་བྱེད་ཚད་སྒོར་5000ལས་བརྒལ་བས་བསྡུར་གྲངས་དེ་བུད་མེད་ཀྱི་བརྒྱ་ཆའི་གྲངས་8ལས་ཐེངས་དང་པོར་བརྒལ་ཡོད། ལོ་རབས་90རྗེས་ཀྱི་ཡོང་འབབ་དེ་ལོ་རབས་གཞན་གྱི་མི་ཚོགས་ཀྱི་ཡོང་འབབ་བཞིན་མེད་ཀྱང་ཟླ་རེར་དྲ་ཐོག་ནས་འཛད་སྤྱོད་རིན་གོང་སྒོར་5000ཡན་ཟིན་པའི་བསྡུར་གྲངས་དེ་ལོ་རབས་གཞན་གྱི་མི་ཚོགས་ལས་མཐོ་བ་ཡོད་པ་རེད།
         གཟིགས་སྐྱོང་ཆ་འཕྲིན་ལ་དར་མ་དང་རྒན་རྒོན་ཚོའི་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པ་དང་རྩ་གཉིས་ཨང་རྟགས་ཀྱི་འགོག་ཟོན་འདུ་ཤེས་ཞན་པའི་དབང་གིས་དྲ་རྒྱའི་མགོ་སྐོར་འོག་ཚུད་སླ་བས་དེའི་བསྡུར་གྲངས་ཀྱི་59%བཟུང་གི་ཡོད།
         2016ལོ་དང་བསྡུར་ན་རང་ཉིད་ཀྱིས་གྱོང་གུན་ཚང་མ་འཁུར་མཁན་གྱི་འཛད་སྤྱོད་པའི་བསྡུར་གྲངས་12%ཆག་ཡོད་པ་དང་། དེའི་ནང་ཚོང་ལས་འགན་བཅོལ་དང་། ཉེན་ཁའི་སྐྱིན་ཚབ། མགོ་སྐོར་འོག་ཚུད་པའི་མ་དངུལ། ཚོང་ཟོག་བཀག་པ་སོགས་ཐོན་ལས་ཀྱི་ཉེན་ཁའི་འགན་ལེན་ལམ་སྲོལ་གྱི་ནུས་པ་ཧུར་ཐག་བཏོན་ཡོད། མགོ་སྐོར་འོག་ཚུད་རྗེས་དུས་ཐོག་ཏུ་དངུལ་ཁང་དང་འབྲེལ་བ་བྱས་ནས་གཱ་བོར་བརླག་གི་ཐོ་བཀོད་ན་གྱོང་གུན་ཉུང་དུ་གཏོང་ཐུབ། སྣོད་འཚེ་ཕོག་མཁན་ལ་བཅར་འདྲི་བྱེད་སྐབས། དངུལ་ཁང་ལ་ཁ་པར་བརྒྱབ་ནས་གཱ་བོར་བརླག་གི་ཐོ་བཀོད་པས་མགོ་སྐོར་འོག་ཚུད་ཀྱང་གྱོང་གུན་ཕོག་མེད་པའི་བསྡུར་ཚད་ཀྱིས་47%བཟུང་ཡོད་མོད། ཕྱོགས་གསུམ་པའི་གཱ་བོར་བརླག་གི་ཐོ་བཀོད་པ་སོགས་བྱ་ཐབས་གཞན་སྤྱད་ནས་གྱོང་གུན་མེད་པ་བཟོས་པའི་བསྡུར་གྲངས་དེ་30%ཡས་མས་རེད།
         དེ་ནི་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གྱིས་ལོ་བཅུ་བསྟུད་མར་འཛད་སྤྱོད་པའི་གཏོང་སྤྲོད་ཀྱི་གོམས་གཤིས་དང་ཉེན་ཁའི་འཕེལ་ཕྱོགས་ཀྱི་གནས་ཚུལ་ལ་རྗེས་སྙེགས་ཡོངས་བསྒྲགས་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།