འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞིང་པའི་ལུས་རྩལ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་
    འཆར་》ཁྱབ་བསྒྲགས་བྱས་པ། 

    2020ལོར་སླེབས་སྐབས་ཞིང་པའི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྤྱིའི་ཆ་ནས་འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཞིང་ལས་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་《ཞིང་པའི་ལུས་རྩལ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་རིམ་ཁག་ཞིང་ལས་དང་ལུས་རྩལ་སྡེ་ཚན་གྱིས་ཞིང་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དམངས་ཡོངས་ལུས་སྦྱོང་གི་བྱ་སྤྱོད་རྒྱུན་མཐུད་ངང་ཞིང་པར་ཁྱབ་པ་དང་ཞིང་པར་གཟིགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་པ་མང་ཚོགས་ཀྱི་ལུས་པོའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་པ་མང་ཚོགས་ཀྱི་་དགོས་མཁོ་སྐོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཞིང་པའི་ལུས་རྩལ་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་ལུས་རྩལ་དང་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་གྲོང་གསེབ་ཀྱི་གྲོང་མིའི་ལུས་སེམས་བདེ་ཐང་གི་ཆུ་ཚད་གཉིས་ཀ་མཐོ་རུ་ཕྱིན་ནས་ཞིང་པའི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྤྱིའི་ཆ་ནས་འཛུགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
        《བསམ་འཆར་》ནང་ཞིང་པའི་ལུས་རྩལ་ལས་དོན་ནི་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་དམངས་ཡོངས་ལུས་སྦྱོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་དང“ཞིང་གསུམ”བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། དམངས་ཡོངས་ལུས་སྦྱོང་དང་དམངས་ཡོངས་བདེ་ཐང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཞིང་པའི་ལུས་རྩལ་གྱིས་ཞན་ཆ་གསབ་པ་དང་། དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དོན་གཉེར་བཅས་ལ་འདེགས་སྐྱོར་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བར་གཞི་རྩའི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པ་བསྟན་ཡོད། 
         《བསམ་འཆར་》ནང་གཟུགས་གཞི་བདེ་ཐང་དང་། བློ་སྟོབས་ལ་ཞུན་བརྡར། ཞིང་པའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རྩ་བའི་དམིགས་ཚད་དུ་བྱེད་པ་དང་ཞིང་པའི་སྣ་མང་ཅན་གྱི་ལུས་རྩལ་དང་ལུས་སྦྱོང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་བསྐང་རྒྱུ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འགོ་འཛུགས་དང་དོན་ལ་བབས་སར་བྱས་ཏེ“ཞིང་པས་བྱེད་པོ་དང་། གསར་གཏོད་འཕེལ་རྒྱས། རྐང་འཛིན་སྣེ་ཁྲིད། གཙོ་གནད་གཤམ་སྒྱུར། ཞིང་ལས་དང་ལུས་རྩལ་མཉམ་འདྲེས”བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་དང་། ཞིང་པ་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པ་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་སྒྲིག་ཆས་འཛུགས་སྐྲུན་དང་ཡག་པོ་སྤྱོད་པ། ཞིང་པ་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། ཞིང་པ་མང་ཚོགས་ཉེ་འགྲམ་དུ་འགྲན་བསྡུར་བྱེད་སྒོ་ཧུར་ཐག་སྤེལ་བ། ཞིང་པ་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཞིང་པ་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་རིག་གནས་ཀྱི་རྣམ་པ་ཟབ་ཏུ་གཏོང་བ། ཞིང་པའི་ལུས་རྩལ་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་གི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་ཞིང་པའི་ལུས་རྩལ་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད། 
         《བསམ་འཆར་》ནང་2020ལོར་སླེབས་སྐབས“ཞིང་པའི་ལུས་རྩལ་ལུས་སྦྱོང་གི་འདུ་འགོད”སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་བྱས་ཏེ་ཞིང་པ་མི་རེའི་ཆ་སྙོམས་ལུས་རྩལ་ལུས་སྦྱོང་གི་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་1.8ཟིན་པ་བྱ་རྒྱུ་དང་། སྲིད་འཛིན་གྲོང་ཚོ་80%ལ་སྤྱི་ཚོགས་ལུས་རྩལ་གྱི་ཁྲིད་སྟོན་པ་1ཡན་ཡོད་པ་བྱ་རྒྱུ། ཞིང་པ་མང་ཚོགས་ཀྱི་ལུས་རྩལ་དང་ལུས་སྦྱོང་འདུ་ཤེས་སྤྱིར་ན་ཟབ་ཏུ་བཏང་ནས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་གྲོང་གསེབ་མི་གྲངས་ཀྱི་བསྡུར་ཚད་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་བྱ་རྒྱུ། ཞིང་པའི་ལུས་པོའི་བྱང་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་རྒྱལ་དམངས་ཀྱི་གཟུགས་གཞིའི་ཚད་གཞི་ལོན་ཚད་དང་ཕུལ་བྱུང་རིམ་པའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱ་རྒྱུ། ཞིང་པའི་ལུས་རྩལ་མཐུན་ཚོགས་ཀྱིས་གཙོ་བོར་བྱེད་པའི་ཞིང་པའི་ལུས་རྩལ་གྱི་སྤྱི་ཚོགས་རྩ་འཛུགས་སྤྱིའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་དབར་མཐུན་སྦྱོར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ཞིང་པའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་དེ་བས་ཟབ་ཏུ་བཏང་ནས་ཞིང་པའི་ལུས་རྩལ་ལས་དོན་ལ་རྩ་འཛུགས་ཡོད་པ་དང་། མི་སྣ་ཡོད་པ། ས་ཆ་ཡོད་པ། གྲོན་དངུལ་ཡོད་པ། བྱེད་སྒོ་ཡོད་པ་བཅས་བྱས་ཏེ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།