འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་བཤད་དེ་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་བཤད་དེ་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། སྤྱི་བདེ་པུའི་གསེར་ཕུབ་གློག་བརྙན་བརྙན་འཕྲིན་རིག་གནས་ལྟེ་གནས་ཀྱིས་སྒྲིག་འཛུགས་དང་བཅས་གསར་རྩོམ་བྱས་པའི་བརྗོད་བྱ་གཙོ་བོའི་གློག་བརྙན་《ཁྱིམ་ཚང་མང་པོར་བརྩེ་བ་འཆང་》ཞེས་པའི་པར་ལེན་འགོ་ཚུགས་མཛད་སྒོ་ཞ་མོན་དུ་འཚོགས་པ་རེད།
         《ཁྱིམ་ཚང་མང་པོར་བརྩེ་བ་འཆང་》ཞེས་པའི་ནང་ཀྲུང་དབྱང་དྲིལ་བསྒྲགས་པུས“དུས་རབས་ཀྱི་མིག་དཔེ”ཞེས་མཚན་སྙན་སྤྲད་པའི་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོའི་མིག་དཔེ་ཞ་མོན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཁྲེན་ཆིང་ཀྲོའུ་ཡི་གཏམ་རྒྱུད་གཞིར་བྱས་ཏེ་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་། གོང་གི་པར་རིས་ནི་གློག་བརྙན་《ཁྱིམ་ཚང་མང་པོར་བརྩེ་བ་འཆང་》ཞེས་པའི་གཏམ་རྒྱུད་ཀྱི་གཞི་འཛིན་སའི་མི་སྣ་ཁྲེན་ཆིང་ཀྲོའུ་(གཡས་)ཡིས་པར་ལེན་འགོ་ཚུགས་མཛད་སྒོར་མྱོང་ཚོར་གླེང་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།