འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་2017ལོར་མི་འབོར་དབུལ་པོ་ཁྲི་203.75ལ་སྨན་རིན་མི་དགོས་པར་
    གཟུགས་པོར་བརྟག་དཔྱད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། གསར་འགོད་པར་2018ལོའི་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2017ལོར་མི་འབོར་དབུལ་པོ་ཁྲི་203.75ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་རེད། དེ་དང་ཆབས་ཅིག་ཀན་སུའུ་ཞིང་ཆེན་གྱིས་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། ནད་ཆེན་གྱི་འགྲོ་སོང་རྩིས་ཞུའི་ཐོག་མའི་སྨན་རིན་སྤྲོད་ཚད་དམའ་རུ་གཏོང་བ། ནད་ཆེན་འགན་བཅོལ་སླར་ཡང་འགྲོ་སོང་རྩིས་ཞུ་བྱ་རྒྱུ་དང་ནད་ཆེན་གྱི་ཆེད་དོན་རོགས་སྐྱོབ་སོགས་བྱེད་ཐབས་ལག་ལེན་བསྟར་རྗེས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངོས་ཡོད་འགྲོ་སོང་རྩིས་ཞུའི་བསྡུར་ཚད་74.3%ཟིན་ཡོད།
         ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཀུའོ་ཡུས་ཧྥེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ཀན་སུའུ་ཞིང་ཆེན་གྱིས“ནད་ཆེན་ཁག་གཅིག་གཅིག་སྡུད་རོགས་སྐྱོབ་དང་། གཅོང་ནད་ཁག་གཅིག་གན་འཇོག་ཞབས་ཞུའི་དོ་དམ། ནད་གཞི་ཚབས་ཆེན་ཁག་གཅིག་མཐའ་སྐྱོང་འགན་སྲུང”བཅས་ལྟེ་བར་བྱེད་པའི་བདེ་ཐང་དབུལ་སྐྱོར་འདུ་འགོད་ཀྱི“ཁག་གཅིག་རེ་གསུམ”གྱི་བྱ་སྤྱོད་འཆར་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མི་འབོར་དབུལ་པོའི་སྨན་བཅོས་འགན་སྲུང་གི་མཐའ་ཚད་བརྟན་དུ་བཏང་སྟེ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གྲངས་10མཐོ་རུ་བཏང་ཡོད། ནད་ཆེན་འགན་བཅོལ་གྱི་སླར་ཡང་འགྲོ་སོང་རྩིས་ཞུའི་སྲིད་ཇུས་ལག་ལེན་བསྟར་ཏེ་ནད་ཆེན་འགན་བཅོལ་གྱི་ཐོག་མའི་སྨན་རིན་སྤྲོད་ཚད་སྒོར་5000ནས་3000བར་དམའ་རུ་བཏང་ཡོད། སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་རིགས་33ནད་ཆེན་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ཡོད། དེ་དང་ཆབས་ཅིག་སྨན་བཅོས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ལོར་རིམ་རྩིས་བྱས་ན་མི་སྒེར་གྱི་རང་འཁུར་སྒྲིག་མཐུན་གྱི་སྨན་རིན་སྒོར་3000ཡན་གྱི་ཆ་ཤས་ཤིག་དམངས་སྲིད་སྨན་བཅོས་རོགས་སྐྱོབ་ཀྱི་མཐའ་སྐྱོང་ནས་ཐག་གཅོད་བྱས་ཏེ་ཞིང་ཆེན་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་རིན་གྱི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་བཏང་ཡོད། 2017ལོར་ཀན་སུའུ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་203.75ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གན་འཇོག་ཞབས་ཞུ་ཁྱབ་ཚད་84.25%ཟིན་པས། བདེ་ཐང་དབུལ་སྐྱོར་གྱི་མཐའ་སྐྱོང་འགན་སྲུང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།