འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཕས་བྱང་ཧིན་རྡུ་རྒྱ་མཚོར་མཉམ་འབྲེལ་རྟོག་ཞིབ་ཐོག་མ་ཁྱོན་ཡོངས་ནས་བྱེད་འགོ་
    ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་ལྷོ་རྒྱ་མཚོའི་རྒྱ་མཚོ་ཞིབ་འཇུག་སུའོ་ཡི“ཚོད་ལྟ་3”རྟགས་ཅན་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཚེས་14ཉིན་བྱང་ཧིན་རྡུ་རྒྱ་མཚོའི་མོའོ་ཁེ་ལན་མཚོ་རོང་གི་དམིགས་སའི་མཚོ་ཁོངས་སུ་འབྱོར་ནས། ཀྲུང་ཕ་རྒྱལ་ཁབ་གཉིས་པོས་བྱང་ཧིན་རྡུ་རྒྱ་མཚོར་མཉམ་དུ་རིག་ཚན་མང་བའི་ཕྱོགས་བསྡུས་རྟོག་ཞིབ་ཐོག་མ་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་རེད།
         མོའོ་ཁེ་ལན་མཚོ་རོང་ནི་ཕ་ཁི་སི་ཐན་ཕྱིའི་རྒྱ་མཚོར་གནས་པ་དང་། ཨ་རབ་ལེབ་དང་། རྒྱ་གར་ལེབ། ཡོ་རོབ་དང་ཨེ་ཤེ་ཡའི་ལེབ་བཅས་ཀྱི་འདུས་མཚམས་ཡིན་ཞིང་། མང་ཆེ་བ་ཤར་ནུབ་ཏུ་རྒྱུག་འགྲོ་བ་དང་རིང་ཚད་ལ་སྤྱི་ལེ་700ཟིན་གྱི་ཡོད། ཚེས་14ཉིན་ནས་བཟུང་། “ཚོད་ལྟ་3”རྟགས་ཅན་གྱི་ཚན་ཞིབ་གྲུ་གཟིངས་ཀྱིས་མཚོ་རོང་དབུས་རྒྱུད་དུ་ཞིབ་ཚགས་ཚད་མཐོ་བའི་ས་ཡོམ་ཚོད་ལྟ་བྱེད་འགོ་བཙུགས་ཡོད། མོའོ་ཁེ་ལན་མཚོ་རོང་སྒྲོལ་བའི་མཚོ་ལམ་ཐོག་སྤྱི་ལེ་11རེའི་མཚམས་སུ་མཚོ་གཏིང་གི་ས་ཡོམ་དཔྱད་ཆས་རེ་བཞག་པ་དང་བསྡོམས་ས་ཡོམ་དཔྱད་ཆས་20ལྷག་ཙམ་བཞག་ཡོད་པ་རེད།
         ཀྲུང་ཕས་བྱང་ཧིན་རྡུ་རྒྱ་མཚོར་མཉམ་འབྲེལ་རྟོག་ཞིབ་ཐེངས་དང་པོ་བྱས་པ་ནི་ཀྲུང་གོ་ཚན་རིག་ཁང་ལྷོ་རྒྱ་མཚོའི་རྒྱ་མཚོ་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པ་དང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་རུ་མི་70ལྷག་ཙམ་མཉམ་འབྲེལ་རྟོག་ཞིབ་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།