འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་འབར་མའི་གྱོན་ཆས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་འབར་མའི་གྱོན་ཆས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།
         མི་དམངས་དྲ་བའི་འཕྲིན། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་བརྟེན་ནས་2014ལོ་ནས་བཟུང་ཀྲུང་གོའི་གྱོན་ཆས་ཁེ་ལས་མང་པོ་ཞིག་གིས་འབར་མར་མ་རྩ་འཇོག་པ་དང་འབར་མར་གཞིས་ཚུགས་པ་དེས་འབར་མའི་གྱོན་ཆས་ཕྱིར་གཏོང་གི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ཡོད། འབར་མའི་གྱོན་ཆས་འཚེམ་བཟོ་ལས་རིགས་མཐུན་ཚོགས་ཀྱིས་བཏོན་པའི་གྲངས་གཞི་ལས། 2014ལོ་ནས་བཟུང་འབར་མའི་གྱོན་ཆས་ཕྱིར་གཏོང་བྱེད་ཚད་ལོར་ཆ་སྙོམས་འཕར་ཚད་20%ལས་བརྒལ་བ་དང་། 2016ལོར་རྒྱལ་ཁབ་(ས་ཁུལ་)གཙོ་བོར་གྱོན་ཆས་ཕྱིར་གཏོང་བྱས་པ་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་19.5ཟིན་པ་མངོན་ཞིང་། གོང་གི་པར་རིས་ནི་ཧེང་ཐན་(རང་ཀོང་)གྱོན་ཆས་འཚེམ་བཟོ་ཚད་ཡོད་ཀུང་སིར་བཟོ་པས་གྱོན་ཆས་འཚེམ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།