འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།《ཆིང་རྒྱལ་རབས་སྐབས་ཀྱི་བོད་ལྗོངས་ས་གནས་ཀྱི་ཡིག་ཚགས་ཡིག་ཆ་བདམས་བསྒྲིགས་》
    པར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་(ཁང་)ཀྱི་རྩོམ་སྒྱུར་དང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་(ཁང་)རྩོམ་སྒྲིག་ཞིབ་འཇུག་ཁང་གི་འབུམ་རམས་པ་བྲག་གཡབ་བློ་བཟང་བུ་ཁྲིད་ཀྱིས་རྩོམ་སྒྲིག་པ་གཙོ་བོ་གནང་བའི་རྒྱལ་ཁབ་ཀྱི་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ལས་གཞི་ཆེན་པོའི་རྣམ་གྲངས་《ཆིང་རྒྱལ་རབས་སྐབས་ཀྱི་བོད་ལྗོངས་ས་གནས་ཀྱི་ཡིག་ཚགས་ཡིག་ཆ་བདམས་བསྒྲིགས་》 ཉེ་དུས་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། བདམས་བསྒྲིགས་ཡོངས་དེབ་བརྒྱད་དུ་བགོས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེབ་འདིའི་ཡིག་ཚགས་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་ཐེངས་དང་པོ་བྱས་པ་རེད།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་(ཁང་)ནས་ཤེས་རྟོགས་བྱུང་གསལ་དུ། 《ཆིང་རྒྱལ་རབས་སྐབས་ཀྱི་བོད་ལྗོངས་ས་གནས་ཀྱི་ཡིག་ཚགས་ཡིག་ཆ་བདམས་བསྒྲིགས་》རྩོམ་སྒྱུར་པར་སྐྲུན་ལ་དུས་ཡུན་ལོ་5སྤྱད་པ་དང་། ནང་དོན་ཕུན་སུམ་ཚོགས་ཅིང་། ཡིག་ཚགས་1522ལེགས་འདེམས་བྱས་ལ། བོད་ཡིག་མ་ཡིག་པར་དུ་བླངས་ནས་རྒྱ་ཡིག་གི་བསྒྱུར་ཡིག་ཞར་དུ་བཀོད་པའི་ཐོག་ནས་པར་སྐྲུན་བྱས་ཡོད། དུས་ཚོད་ནི་ཁྲུང་ཏེ་(崇德)ལོ་བརྒྱད་ནས་ཞོན་ཐུང་(宣统)ལོ་གསུམ་བར་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་དུས་སྐབས་ཧྲིལ་པོའི་ཀྱི་ལོ་རྒྱུས་འདུས་ཡོད་པ་རེད། ནང་དོན་དུ་བོད་ལྗོངས་ཀྱི་སྲིད་དབང་གི་འཛུགས་ལུགས་དང་སྲིད་དོན་དང་། ཁྲིམས་ལུགས་ཁྲིམས་སྲོལ། ས་ཚུགས་འགྲིམ་འགྲུལ། དམངས་འཚོ་ཚོང་དོན། དཔྱ་ཁྲལ་དངུལ་ཁྲིམས་སོགས་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།