འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲིན་ཕྲན་ཐོག་ཁ་བརྡ་བྱས་པའི་ཟིན་ཐོར་མི་བལྟ་བ་དང་། སྤྱི་སྟེགས་ཐོག་བསྟོད་ར་གཏོང་
    བ་སླར་གསོ་བྱེད་རྒྱུ།

    ཀྲང་ཞའོ་ལུང་གིས་2018ལོའི་འཕྲིན་ཕྲན་གྱི་འགྲོ་ཕྱོགས་གསར་པ་ཞིབ་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཕྲིན་ཕྲན་ཐོག་ཁ་བརྡ་བྱས་པའི་ཟིན་ཐོར་མི་བལྟ་བ་དང་། སྤྱི་སྟེགས་ཐོག་བསྟོད་ར་གཏོང་
བ་སླར་གསོ་བྱེད་རྒྱུ།
         མི་དམངས་དྲ་བའི་འཕྲིན། ཐེང་ཞུན་ཚོགས་པའི་མཐོ་རིམ་ལག་བསྟར་སྤྱི་དཔོན་གཞོན་པ་དང་། "འཕྲིན་ཕྲན་གྱི་ཡབ"ཏུ་གྲགས་པའི་ཀྲང་ཞའོ་ལུང་གིས་ཟླ་1ཚེས་15ཉིན་ཀོང་ཀྲོའུ་རུ་འཚོགས་པའི་འཕྲིན་ཕྲན་སྐོར་གྱི་ཡོངས་གྲགས་སློབ་ཚན་PROཔར་གཞིའི་ཐོག་ནས་འཕྲིན་ཕྲན་གྱི་དམིགས་ཡུལ་ནི་འཕྲིན་སྦྲེལ་དྲ་བའི་ཐོག་གི་ལག་ཆ་ཡག་ཤོས་བྱེད་རྒྱུ་དེ་ཡིན་པ་དང་། འཕྲིན་ཕྲན་ཐོག་ཁ་བརྡ་བྱས་པའི་ཟིན་ཐོ་ལྟ་མི་སྲིད་པ་དང་། འཕྲིན་ཕྲན་སྤྱི་སྟེགས་APPཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། བྱ་དགའ་སྟེར་བའི་ནུས་པ་སླར་གསོ་བྱེད་་རྒྱུ་ཡིན་པ། 2018ལོའི་འཕྲིན་ཕྲན་གྱིས་དྲ་ཐོག་གི་འཚོ་བ་འཚོལ་ཞིབ་སྔར་ལས་ལྷག་པར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
         འཕྲིན་ཕྲན་ཐོག་ཁ་བརྡ་བྱེད་པའི་ཟིན་ཐོར་ལྟ་མི་སྲིད།
         ཀྲང་ཞའོ་ལུང་གིས"འཕྲིན་ཕྲན་ངོས་ནས་བཤད་ན། ང་ཚོས་སྤྱོད་མཁན་ལ་བརྩི་འཇོག་དང་། མི་སྒེར་ལ་བརྩི་འཇོག་བྱེད་རྒྱུའི་འདུ་ཤེས་བརྩི་སྲུང་བྱེད་རྒྱུ་ཡིན།" འདིའི་ཐོག་ནས་འཕྲིན་ཕྲན་གྱིས་སྤྱོད་མཁན་ཚོ་གྲོགས་པོར་བརྩིས་པ་མཚོན་པ་དང་། སྤྱོད་མཁན་ལ་ངེས་པར་དུ་ཐོན་རྫས་དང་ཞབས་ཞུ་ཡག་ཤོས་མཁོ་འདོན་བྱེད་དགོས་པ་མཚོན་ལ། སྤྱོད་མཁན་གྱིས་ཁ་བརྡ་བྱས་པའི་ཟིན་ཐོ་སོགས་ལ་ལྟ་མི་སྲིད་པའང་མཚོན་པ་རེད། "འཕྲིན་ཕྲན་གྱི་པར་གཞི་ཐོག་མ་ནས་འགོ་བརྩམས་པའི་མ་ལག་ནི་ཇུས་འགོད་འདི་ལྟར་བྱས་པ་རེད"ཅེས་བཤད་པ་རེད།
         མི་འགའ་རེས་དོགས་པ་བྱེད་པའི་སྒོ་ནས"འཕྲིན་ཕྲན་གྱིས་ཁ་བརྡ་ཟིན་ཐོ་བར་སྣང་དུ་མཉམ་བགྲོད་བྱེད་པའི་ནུས་པ་ལྡན་པའང་བྱེད་མི་ཐུབ"ཅེས་བཤད་པར། ཀྲང་ཞའོ་ལུང་གིས་སྤྱོད་མཁན་གྱི་གསང་བ་སྲུང་སྐྱོང་བྱེད་རྒྱུའི་ཐད་ནས་བཤད་ན། མ་ལག་ནང་དུ་སྤྱོད་མཁན་གྱིས་ཁ་བརྡ་བྱས་པའི་ཟིན་ཐོ་མེད་པ་ནི་བདེ་འཇགས་ཆེ་ཤོས་ཡིན་པ་དང་། འཕྲིན་ཕྲན་གྱིས་སྔ་ཕྱི་བར་གསུམ་དུ་སྤྱོད་མཁན་ལ་སུན་སློང་གི་ཆ་འཕྲིན་གཏོང་མི་སྲིད་པ་སོགས་ཚུད་པའི་སྤྱོད་མཁན་གྱི་གསང་བར་གནོད་པའི་བྱ་སྤྱོད་བྱེད་མི་སྲིད་ཅེས་བཤད་པ་རེད། 
         "འཕག་མཆོང"བྱེད་པའི་རྩེད་མོ་དེ་ཉིན་རེར་བེད་སྤྱོད་བྱེད་མཁན་དུང་ཕྱུར་1ལས་བརྒལ་གྱི་ཡོད་པ་དང་། གཡོ་ལས་རྩིས་རིམ་ལ་རྡུང་རྡེག་རྒྱུན་མཐུད་གཏོང་རྒྱུ་ཡིན་པ།
         རྩེད་མོ་ཆུང་ཆུང"འཕག་མཆོང"ཞེས་པ་དེ་ཉེ་ཆར་རྒྱལ་ཡོངས་སུ་དར་ཁྱབ་ཆེ་བ་དང་། ཉིན་རེར་སྤྱོད་མཁན་དུང་ཕྱུར་1ལས་བརྒལ་ཞིང་། ཀྲང་ཞའོ་ལུང་གིས་ཉིན་དེར་ཡུལ་དངོས་སུ་རྩེད་མོ་བརྩེས་ནས་སྐར་མ་967ཐོབ་པ་རེད། ཀྲང་ཞའོ་ལུང་གིས་བཤད་པར་གཞིགས་ན། ཁོང་རང་མི་སྒེར་གྱི་རྩེད་མོ་རྩེ་བའི་སྐར་གྲངས་མང་ཤོས་སྐར་མ་6000ལས་བརྒལ་ཡོད་མོད། འོན་ཀྱང"འཕག་མཆོང"ལ་གཡོ་ལས་བྱེད་པའི་རྩིས་རིམ་ལ་འགྲན་རྒོལ་བྱེད་པའི་ལམ་དུ་ཀྲང་ཞའོ་ལུང་ལ་ལས་སླ་པོ་མེད་པ་རེད།
     འཕྲིན་ཕྲན་སྤྱི་སྟེགས་སུ་APPཤར་གཏོང་བྱེད་རྒྱུ་ཡིན་པ་དང་། བྱ་དགའ་སྟེར་བའི་ནུས་པ་སླར་གསོ་བྱེད་རྒྱུ་ཡིན་པ།
         ཀྲང་ཞའོ་ལུང་གིས"སྔོན་ཆད་འཕྲིན་ཕྲན་སྤྱི་སྟེགས་ཀྱི་དོ་དམ་ལས་སྟེགས་ལས་མེད་མོད། འོན་ཀྱང་མ་འོངས་པའི་སྤྱི་སྟེགས་ལའང་ལག་འཁྱེར་ཁ་པར་གྱི་མཐུད་ཁ་APPཡོད་པར་འགྱུར་སྲིད་། དོན་དངོས་སུ་དེ་སྔོན་ལ་སྤྱི་སྟེགས་APPཞིག་བཟོས་མྱོང་མོད། འོན་ཀྱང་ད་བར་ཁྱབ་བསྒྲགས་བྱས་མེད། རྒྱུ་མཚན་ནི་གློག་ཀླད་ལས་སྟེགས་ཐོག་གི་ནུས་པ་སྤོ་སྤྱོད་བྱེད་པའམ་ཡང་ན་ལག་འཁྱེར་ཁ་པར་གྱི་ལས་སྟེགས་ལ་དམིགས་ལོགས་སུ་དེ་བས་ལེགས་པའི་APPཞིག་ཇུས་འགོད་བྱེད་རྒྱུའི་ཐད་བློ་ཐག་གསལ་པོར་གཅོད་མ་ཐུབ་པའི་རྐྱེན་གྱིས་ཡིན"ཞེས་བཤད་པ་རེད།
         མི་ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་སྤྱི་སྟེགས་ཀྱི་བྱ་དགའ་སྟེར་བའི་གནད་དོན་ཐད་ལ། ཀྲང་ཞའོ་ལུང་གིས་ཀུ་ཤུ་ཀུང་སི་དང་མཐུན་སྦྱོར་སོགས་བྱས་པ་བརྒྱུད། ཚང་མར་ངོས་འཛིན་གཅིག་མཐུན་ཁ་ཤས་བྱུང་ཡོད་པས། "བསྟོད་ར་གཏོང་བའི"ནུས་པ་མགྱོགས་མྱུར་སླར་གསོ་བྱ་རྒྱུ་ཡིན་པ་མ་ཟད། བསྒྱུར་བཅོས་ཀྱང་ཆེན་པོ་བྱས་ཏེ་སྔོན་ཆད་སྤྱི་སྟེགས་ལ་བྱ་དགའ་སྟེར་བ་དེ་དེ་རྩོམ་པ་པོར་དམིགས་པའི་བྱ་དགའ་སྟེར་བ་བསྒྱུར་རྒྱུ་རེདཅེས་བཤད་པ་རེད།
         རྩིས་རིམ་ཆུང་ཆུང་ནི་ག་ལེར་འཐུས་སྒོ་ཚང་བར་བྱེད་དགོས་པ།
         སྔོན་མ་ང་ཚོའི་ཟ་ཁང་འགའ་རེར་འགྲོ་སྐབས་སྟར་བསྒྲིགས་ནས་ཨང་རིམ་ལྟར་ཟ་མ་ཉོ་དགོས། འོན་ཀྱང་ད་ལྟ་དེ་དང་མཚུངས་པའི་རྩིས་རིམ་ཆུང་ཆུང་ཞིག་བརྒྱུད་རྗེས། ང་ཚོས་ཨང་རིས་བཤར་ནས་ཟ་མ་ཉོ་བ་དང་། ཨང་རིས་བཤར་ནས་རིན་པ་སྤྲོད་པ་སོགས་མངོན་འགྱུར་བྱུང་ཡོད། འཚོ་བའི་ནང་དུ་རྩིས་རིམ་ཆུང་ཆུང་ནི་ཡུལ་དུས་འདྲ་མིན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པས། ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་སྐྲུན་བཞིན་ཡོད་པ་རེད།
         ཐུན་ཞུན་གྱི་གཞི་གྲངས་ལས་མངོན་གསལ། འཕྲིན་ཕྲན་གྱི་རྩིས་རིམ་ཆུང་ཆུང་ཉིན་རེར་བེད་སྤྱོད་བྱེད་མཁན་དུད་ཚང་དུང་ཕྱུར་1.7ཟིན་པ་དང་། དེའི་ཁྲོད་དུ་སྤྱོད་མཁན་30%ནི་གྲོང་ཁྱེར་རིམ་པ་དང་པོར་ཡོད་པ་དང་།  སྤྱོད་མཁན་31%ནི་གྲོང་ཁྱེར་རིམ་པ་བཞི་པ་དང་དེའི་མན་གྱི་གྲོང་ཁྱེར་དུ་ཡོད་པ་རེད། དྲ་ཐོག་གི་རྩིས་རིམ་ཆུང་ཆུང་གི་གྲངས་འབོར་ཁྲི་58ཟིན་ཡོད་པ་དང་། རྩིས་རིམ་ཆུང་ཆུང་གསར་གཏོད་བྱེད་མཁན་ཁེ་ལས་པ་དང་མི་སྒེར་ནི་ཁྲི་100ལས་བརྒལ་ཡོད་པ་རེད།
    ༄༅།།འཕྲིན་ཕྲན་ཐོག་ཁ་བརྡ་བྱས་པའི་ཟིན་ཐོར་མི་བལྟ་བ་དང་། སྤྱི་སྟེགས་ཐོག་བསྟོད་ར་གཏོང་
བ་སླར་གསོ་བྱེད་རྒྱུ།
      

    ཕྱོགས་བསྡུས་གསར་འགྱུར།