འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མའི་སྒྱུ་རྩལ་ཚོགས་པས་ཁོ་རེ་ཡ་
    ལྷོ་མར་འཚམས་འདྲི་བྱ་རྒྱུའི་ཐད་གཅིག་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མའི་སྒྱུ་རྩལ་ཚོགས་པས་ཁོ་རེ་ཡ་
ལྷོ་མར་འཚམས་འདྲི་བྱ་རྒྱུའི་ཐད་གཅིག་མཐུན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན། ཁོ་རེ་ཡ་ལྷོ་བྱང་ཕྱོགས་གཉིས་ཀྱི་འཐུས་ཚབ་པན་མོན་ཏེན་ཁོ་རེ་ཡ་བྱང་མའི་གཞོགས་ཀྱི་གཅིག་འགྱུར་ཁང་དུ་ཐུག་འཕྲད་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་འཚོགས་སྐབས་ཁོ་རེ་བྱང་མས་སྒྱུ་རྩལ་ཚོགས་པ་ཁོ་རེ་ཡ་ལྷོ་མར་འཁྲབ་སྟོན་བྱེད་པར་གཏོང་རྒྱུའི་སྐོར་གཅིག་མཐུན་བྱུང་བ་རེད།
         ཁོ་རེ་ཡ་ལྷོ་མའི་གཅིག་འགྱུར་པུའུ་ཡིས་ཉིན་དེར་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་བྱང་མའི་སན་ཁྲི་ཡོན་འབུད་དཀྲོལ་རོལ་ཆའི་ཚོགས་པའི་ཚོགས་མི་140ལྷག་ཁོ་རེ་ཡ་ལྷོ་མར་འཚམས་འདྲིར་བྱེད་རྒྱུ་ཡིན་པ་མ་ཟད། ཅང་ལིང་དང་སེ་འོལ་དུ་འཁྲབ་སྟོན་ཡང་བྱེད་རྒྱུ་རེད། ཁོ་རེ་ཡ་ལྷོ་མས་ཁོ་རེ་ཡ་ལྷོ་མའི་སྒྱུ་རྩལ་ཚོགས་པར་སྟབས་བདེ་དང་བདེ་འཇགས་ཀྱི་འགན་སྲུང་ཚད་ཆེ་ཤོས་འདོན་སྤྲོད་བྱེད་རྒྱུ་རེད།
         ཚེས་9ཉིན་གྱི་དགོང་མོར། ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་ཕྱོགས་གཉིས་ཀྱིས་པན་མོན་ཏེན་དུ་མཐོ་རིམ་མི་སྣའི་གྲོས་མོལ་མཇུག་བསྒྲིལ་རྗེས་སུ། ཕྱོགས་གཉིས་ཀྱིས་ཐུན་མོང་ངང་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས་ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་ཐད་གཅིག་མཐུན་བྱུང་བ་དང་། ཕྱོགས་གཉིས་ཀས་ཁྱབ་ཁོངས་ཁག་ཏུ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གྲོས་མོལ་གྲོས་བསྡུར་བྱེད་པར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
    ༄༅།།ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མའི་སྒྱུ་རྩལ་ཚོགས་པས་ཁོ་རེ་ཡ་
ལྷོ་མར་འཚམས་འདྲི་བྱ་རྒྱུའི་ཐད་གཅིག་མཐུན་བྱུང་བ།
    ༄༅།།ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མའི་སྒྱུ་རྩལ་ཚོགས་པས་ཁོ་རེ་ཡ་
ལྷོ་མར་འཚམས་འདྲི་བྱ་རྒྱུའི་ཐད་གཅིག་མཐུན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།