འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་ཁའི་གྲང་ངད་ཁྲོད་ཀྱི་ཚེ་སྲོག་གི་ཇ་ཁང་།

    འདི་ནི་ཚེ་སྲོག་གི་ཇ་ཁང་ཞིག་ཏེ། དེར་རོ་བརྒྱའི་བྲོ་ཞིམ་མ་འཐུལ་རུང་། དེ་རུ་མི་ཡུལ་གྱི་དྲོད་ཁོལ་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུན་ཁའི་གྲང་ངད་ཁྲོད་ཀྱི་ཚེ་སྲོག་གི་ཇ་ཁང་།
         མི་དམངས་དྲ་བའི་འཕྲིན། 2003ལོ་ནས་བཟུང་། ནན་ཁྲང་གྲོང་ཁྱེར་ཞིན་ཅེན་ཁུལ་ལན་ཁན་ཤང་གི་རྒན་རྒོན་ཝང་ཙུའོ་ཁྲེང་དང་ཞུང་ཀེང་ཞང་བཟའ་མི་གཉིས་ཀྱིས་ཅང་ཞི་ཞིང་ཆེན་འབྲས་སྐྲན་སྨན་ཁང་གི་སྲང་ལམ་དུ་ཁྲོམ་བཀྱག་སྒྲིག་ནས་ཁ་ཟས་འཚོང་བཞིན་ཡོད། ཉིན་རེའི་ལས་ཀའི་བྲེལ་བ་ཚར་ནས་བསྡུ་རུབ་བྱེད་དུས། ག་དུས་ཡིན་རུང་ཅང་ཞི་ཞིང་ཆེན་འབྲས་སྐྲན་སྨན་ཁང་དུ་ནད་བཅོས་པར་ཡོང་བའི་ནད་པའི་ཁྱིམ་བདག་ཚོ་ཁོང་གཉིས་སར་ཡོང་ནས་སླ་ང་གཡར་ནས་ཚལ་བརྔོ་བ་རེད། ཁྱིམ་མི་ཚོས་འདི་འདྲ་བྱེད་པའི་རྒྱུ་མཚན་ནི་བློ་བདེ་བའི་ངང་ནད་པར་ཟ་མ་སྟེར་ཆོག་པ་དང་། ད་དུང་རིན་པ་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པའི་རྐྱེན་གྱིས་རེད། ཝང་ཙུའོ་ཁྲེང་དང་ཞུང་ཀོན་ཞང་གིས་སེམས་སྤྲོ་བའི་ངང་ཁོང་ཚོར་རོགས་རམ་བྱེད་པས། ཁོང་གཉིས་ནི་ཚེ་སྲོག་སྐྱོབ་པའི་ཇ་ཁང་ལྟ་བུར་གྱུར་ཡོད་པ་རེད། བཟའ་ཟླ་གཉིས་ཀྱིས་མ་གཞི་རིན་པ་ལེན་མེད་ཀྱང་ཡོང་མཁན་ཇེ་མང་དང་ཇེ་མང་སོང་བས། རྡོ་སོལ་དང་ཆུ་འདང་ངེས་སོགས་ཀྱི་གཞི་རྩའི་འགྲོ་སོང་རྒྱུན་འཁྱོངས་བྱ་ཐུབ་པའི་ཆེད་དུ། ཁོང་གཉིས་ཀྱིས་ཚལ་རེ་ལ་རིན་དངུལ་སྒོར་1རེ་ལེན་རྒྱུ་ཐག་བཅད་པ་རེད། ཡིན་ནའང་ལོ་གསར་གྱི་སྐབས་སུ་རིན་པ་མི་དགོས་པར་བེད་སྤྱོད་ཆོག་པ་རེད།
         ལོ་ངོ་10ལྷག་གི་རིང་དུ། བཟའ་ཟླ་གཉིས་ཀྱིས་ཤི་གསོན་གྱེས་འཛོམས་བགྲང་གི་མི་ལང་པ་ཞིག་མཐོང་ཡོད་པ་རེད། ནད་པའི་ཁྱིམ་མིའི་མདུན་དུ་ཚལ་བརྔོས་ནས་ཁག་མང་བསྐྱལ་ཡོད་པ་རེད།ཞུང་ཀོན་ཞང་གིས"ང་ནི་མི་ཕལ་པ་ཞིག་ཡིན་པས། འཇོན་པོ་དེ་འདྲ་མེད། འོན་ཀྱང་ཁོང་ཚོར་དྲོ་སྐྱིད་དང་བདེ་བ་ཅུང་ཙམ་སྟེར་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།
    ༄༅།།དགུན་ཁའི་གྲང་ངད་ཁྲོད་ཀྱི་ཚེ་སྲོག་གི་ཇ་ཁང་།
    ༄༅།།དགུན་ཁའི་གྲང་ངད་ཁྲོད་ཀྱི་ཚེ་སྲོག་གི་ཇ་ཁང་།
      

    ཕྱོགས་བསྡུས་གསར་འགྱུར།