འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཕྱིར་འཚོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 17:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། ཨ་ལི་ཞིབ་འཇུག་ཁང་གིས"2017ལོའི་རྒྱལ་ཡོངས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྙན་ཞུ"ཁྱབ་བསྒྲགས་བྱས་ནས་གློག་རྡུལ་ཚོང་དོན་དང་། སིལ་ཚོང་གསར་པ། དངུལ་གཏོང་སྤྲོད། དངོས་ཟོག་འགྲེམས་སྐྱེལ་སོགས་ཀྱི་གཞི་གྲངས་ཆེན་པོ་དང་དེ་བཞིན་ལས་ཞུགས་གཞི་གྲངས་དང་། ཡུན་ཆིའི་(云栖)གཞི་གྲངས་བཅས་ལ་བརྟེན་ནས་2017ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་གསལ་སྟོན་བྱས་པ་རེད།
         སྙན་ཞུ་ལས་མངོན་པ་ལྟར་ན། སིལ་ཚོང་གསར་པའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་བའི་རིང་། ཞིང་ཆེན་ཁག་གི་གཞི་གྲངས་དཔལ་འབྱོར་གྱི་ནུས་སྟོབས་གསར་པ་ལེགས་འགྲུབ་ངང་སྐུལ་སྤེལ་བཏང་ཞིང་། དེའི་ནང་ཀན་སུའུ་ཞིང་ཆེན་དང་། ཀུའེ་ཀྲོའུ་ཞིང་ཆེན། བོད་ལྗོངས་བཅས་གློག་རྡུལ་ཚོང་དོན་གྱི་འཕར་ཚད་མགྱོགས་ཤོས་ཀྱི་ཞིང་ཆེན་གསུམ་དུ་གྱུར་ཞིང་། བོད་ལྗོངས་གྱི་ཕྱིར་ཚོང་དངུལ་འབོར་ལོ་གོང་མའི་དུས་མཉམ་དང་བསྡུར་ན་56%འཕར་བ་རེད།
         ཚོང་ཟོག་ཉོ་མཁན་མང་ཤོས་ཀྱི་གྲས་སུ་གནས་པའི་ཞིང་ཆེན་ཁག་གི"རིམ་འདས་ཁོངས་མི"རྣམས་ཀྱིས་འཛད་སྤྱོད་ལོ་ཐོའི་སྟེང་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། "ཉོ་སྒྲུབ་བྱེད་མཁན་མང་ཤོས་ཀྱི་ཞིང་ཆེན་ཆེ་གྲས"བཅུ་ཁོ་ནས་2017ལོའི་ཟླ་11པའི་བར་ཁྱོན་བསྡོམས་འཛད་སྤྱོད་བྱས་གྲངས་སྒོར་ཁྲི་བརྒྱ་ལས་བརྒལ་བའི་ཨ་ལི་པཱ་པཱའི་ཁོངས་མིའི་གྲངས་འབོར་26000ལས་བརྒལ་བ་རེད། དེའི་ནང་ནས་ཚོང་ཟོག་ཉོ་མཁན་མང་ཤོས་ཡིན་པའི་ཞིང་ཆེན་ཆེ་གྲས་ཀོང་ཏུང་གིས་མི་གྲངས་7703ཟིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད་པ་རེད། བོད་ལྗོངས་ལ་མཚོན་ནས་བཤད་ན་འཛད་སྤྱོད་དངུལ་འབོར་ཁྲི་བརྒྱ་ལས་བརྒལ་བའི་མི་12ཡོད་པ་རེད།
         གཞན་ཡང་། འཕྲིན་སྦྲེལ་དྲ་བའི་དཔལ་འབྱོར་གསར་པ་ཁྱབ་གདལ་གཏོང་བ་དང་རིག་ལྡན་དངོས་ཟོག་སྐྱེལ་འདྲེན་འཛུགས་སྐྲུན་བྱེད་པ་དེས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་དེ་མྱུར་བགྲོད་འཁོར་ལམ་དུ་སྐྱོད་དུ་བཅུག་པ་དང་། དར་རྒྱས་བྱུང་མེད་པའི་ས་ཁོངས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བསྣན་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། 2017 ལོའི་ཟླ་11པའི་བར་དུ་རྒྱལ་ཡོངས་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ཐོན་པའི་དུས་ཚོད་ལོ་གོང་མའི་དུས་མཉམ་དང་བསྡུར་ན་འཕར་ཚད་མགྱོགས་ཤོས་ཀྱི་ཞིང་ཆེན་ནི་རིམ་པ་ལྟར་ཀུའེ་ཀྲོའུ་དང་། སི་ཁྲོན། ཀོང་ཞི། ཧུའུ་པེ། ཡུན་ནན། ཁྲུང་ཆིང་། ཧེ་ལུང་ཅང་། ཅང་ཞི། ཅི་ལིན། ཧྲའན་ཞིས་བཅས་རེད།
         དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ཐོན་པའི་དུས་ཚོད་མགྱོགས་སུ་ཕྱིན་པ་དེས་ཞིང་ལས་ཐོན་རྫས་གཙོ་བྱས་པའི་ཞིང་ཆེན་དག་གིས་གློག་རྡུལ་ཚོང་དོན་ནས་ཁེ་བཟང་ལེན་པའི་སེམས་ཤུགས་ཡོད་པར་འགྱུར་དུ་བཅུག  འོན་ཀྱང་། བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཐོན་རྫས་ཕྱིར་འཚོང་བྱེད་པའི་ནང་ཞིང་ལས་ཐོན་རྫས་ཀྱིས་བསྡུར་ཚད་0.2%ལས་ཟིན་མེད་པས། འདི་ལས་བོད་ལྗོངས་ཀྱི་ཞིང་ལས་ཐོན་རྫས་འཕྲིན་སྦྲེལ་དྲ་བ་དང་འཕེལ་རྒྱས་མཉམ་དུ་གཏོང་བར་ད་དུང་འཕེལ་རྒྱས་གཏོང་མཚམས་ཧ་ཅང་ཆེན་པོ་ཞིག་ཡོད་པ་མངོན་པ་རེད།
         ཡིན་ནའང་བོད་ལྗོངས་ཀྱིས་ཕྱིར་འཚོང་བྱེད་པའི་ཞིང་ལས་ཐོན་རྫས་ཁྲོད་དུ་དབྱར་རྩྭ་དགུན་འབུ་དང་། ནག་ཤའི་རིགས། ཁ་ཆེ་ཤ་སྐམ་མ་བཅས་ཀྱིས་topཕྲེང་སྒྲིག་མིང་ཐོར་དང་པོ་གཉིས་པ་གསུམ་པ་བཟུང་ཡོད་པ་དང་། དེ་ནས་རིམ་པ་ལྟར་འདྲེ་ཚེར་མ་དང་། སྲོལ་རྒྱུན་སྟོབས་སྐྱེས་བཅུད་རྫས། བེ་ཤ། ལུས་གསོ་ཇ། སྲོ་ལོ་དམར་པོ། རྩྭ་དང་མེ་ཏོག་ཇ་སོགས་རེད། གཞི་གྲངས་འདི་འདྲ་ཞིག་ལས། གཅིག་བྱས་ན་བོད་ལྗོངས་ཀྱི་ཞིང་ལས་ཐོན་རྫས་འཕྲིན་སྦྲེལ་དྲ་བའི་ཐོག་སྐྱོད་དུ་འཇུག་བཞིན་པའི་མི་རྣམས་ལ་ཁ་ཕྱོགས་སྟོན་ཐུབ་ཀྱི་རེད།
      

    ཕྱོགས་བསྡུས་གསར་འགྱུར།