འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་མཚོ་ཁོངས་སུ་མགྱོགས་གྲུ་ཞིག་འབར་གས་བྱུང་ནས་ཀྲུང་གོའི་ཡུལ་སྐོར་བ་མང་པོར་
    རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐེ་ལན་གྱི་མཚོ་ཁོངས་སུ་མགྱོགས་གྲུ་ཞིག་འབར་གས་བྱུང་ནས་ཀྲུང་གོའི་ཡུལ་སྐོར་བ་མང་པོར་
རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་14ཉིན། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་སུང་ཁྭ་དོན་གཅོད་ཁང་གིས། ཀྲུང་གོའི་ཡུལ་སྐོར་བ་27བསྡད་པའི་མགྱོགས་གྲུ་ཞིག་ཉིན་དེར་ཐེ་ལན་ལྷོ་རྒྱུད་ཅ་སྨི་ཞིང་ཆེན་ཁོངས་ཕི་ཕི་གླིང་ཕྲན་གྱི་མཚོ་ཁོངས་སུ་འབར་གས་བྱུང་ནས། གྲུ་གཟིངས་ཐོག་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བ་5རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཚུལ་གླེང་ཡོད་པ་རེད།
         ཐེ་ལན་གྱི་སྨྱན་སྦྱོར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་མགྱོགས་གྲུ་དེ་ཕི་ཕི་གླིང་ཕྲན་དུ་གཏོང་ལམ་ཝེ་ཅིན་བྲག་ཕུག་ཉེ་འགྲམ་དུ་སླེབས་སྐབས་དོན་རྐྱེན་བྱུང་བ་དང་། གྲུ་དཔོན་གྱིས་གྲུ་གཟིངས་ཀྱི་མཇུག་ཏུ་ཞིབ་བཤེར་བྱེད་དུས་གྲུ་གཟིངས་གློ་བུར་དུ་འབར་གས་བྱུང་སྟེ་གྲུ་གཟིངས་ཐོག་གི་ཐེ་ལན་གྱི་མི་ཞིག་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་རྐྱེན་ལམ་དུ་ཤོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།