འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་
    དོན་ལས་འགལ་བའི་གནད་དོན་22བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཀྲུང་དབྱང་སྒྲིག་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས"དཔྱིད་གསར་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ལྟ་སྐུལ་ཐེར་འདོན་གསལ་རྗེན་ཆེད་དོན་ཁུལ"ལས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་22བརྡ་ཁྱབ་བཏང་བ་རེད། འདི་ནི་ཆེད་དོན་ཁུལ་འདིས"གཟའ་འཁོར་གཉིས་རེར་བརྡ་ཁྱབ་རེ་གཏོང་བ"ཞེས་པའི་ལེ་ཚན་ཤར་གཏོང་བྱས་རྗེས་སུ་གཅིག་བསྡུས་བརྡ་ཁྱབ་ཐེངས་གཉིས་པ་བཏང་བ་རེད། བརྡ་ཁྱབ་བཏང་བའི་གནད་དོན་22ནི་པེ་ཅིང་དང་ཐེན་ཅིན། ཧོ་པེ། ནང་སོག ལིའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ་སོགས་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་22ནས་བྱུང་བའི་གནད་དོན་རེད།
        བརྡ་ཁྱབ་ནས་གསལ་རྗེན་བྱས་པའི་གནད་དོན་དུ་གཞུང་དངུལ་བེད་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་སོང་བ་དང་། སྒྲིག་ཁྲིམས་ལས་འགལ་ནས་བྱ་དགའི་དངུལ་འགྲེམས་གཏོང་བྱས་པ། ཚད་གཞི་ལས་བརྒལ་ནས་ལས་སྒྲུབ་ཁང་བེད་སྤྱད་པ། སྒྲིག་ཁྲིམས་ལས་འགལ་ཏེ་གཞུང་དངུལ་བཏང་ནས་ཟ་འཐུང་བྱས་པ། སྒྲིག་ཁྲིམས་ལས་འགལ་ནས་དུས་ཆེན་སྐབས་ལག་རྟགས་དང་ལེན་བྱས་པ་སོགས་ཀྱི་གནད་དོན་ཡིན་ཞིང་། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་རིང་ལ"སྲོལ་ངན་བཞི"ཡི་གནད་དོན་བསྐྱར་དུ་བྱུང་བར་སྔོན་འགོག་བྱེད་པར་འཇིགས་སྐུལ་གྱི་ནུས་པ་ཆེ་ཙམ་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།