འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་རིག་གནས་ཀྱིས་བྱིས་པ་གསོ་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྲོལ་རྒྱུན་རིག་གནས་ཀྱིས་བྱིས་པ་གསོ་སྐྱོང་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་པོ་ཞིན་རྫོང་དབྱི་ཧོ་ཧྭ་ཧྥུ་ཏེ་བྱིས་གསོ་ཁང་གིས"མངོན་མིན་རིག་གནས་ཤུལ་བཞག་ཚོང་འདུས་ཆེན་པོར་བསྐྱོད་དེ་དཔྱིད་གསར་དུས་ཆེན་བསུ་བ"ཞེས་པའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་ཞིང་། སྒྲོན་བརྙན་ཟློས་གར་དང་། ཕར་ཆིན། ཤོག་དྲས་འདྲ་གཟུགས་སོགས་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པའི་སྲོལ་རྒྱུན་རིག་གནས་རྣམ་གྲངས་ཁག་སློབ་ཁང་མི་འདྲ་བར་བཀོད་སྒྲིག་བྱས་པ་མ་ཟད། ཆེད་དུ་དགེ་རྒན་སྒྲིག་འཛུགས་བྱས་ནས་བཀོལ་སྤྱོད་མངོན་སྟོན་ཡང་བྱས་ལ། ད་དུང་གྲོགས་པོ་ཆུང་ཆུང་ཚོར་རང་རང་གི་དགའ་མོས་ལ་གཞིགས་ནས་དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་ཉམས་སུ་མྱོང་བ་དང་། ཐག་ཉེ་ས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་དུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།