འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེའི་ཁྱད་ལྡན་ལག་ཤེས་བཟོ་ལས"འཕེལ་རྒྱས་མྱུར་པོ"གཏོང་འགོ་ཚུགས་པ། 

    ན་ནིང་ཟླ་དང་པོ་ནས་ཟླ་10པའི་བར། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.88ཟིན་པ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ད་ཡོད་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་ལས་གཉེར་གཞི་95ཡོད་དེ། ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་ཁྱོན་མུ་མཐུད་ཇེ་ཆེར་སོང་བ་དང་། འདུས་མང་གི་ཕན་འབྲས་རགས་ཙམ་མངོན་པ་རེད། ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.88ཟིན་ཏེ་25%འཕར་སྣོན་བྱུང་བ་དང་། སྤོས་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག མི་རིགས་ཀྱི་གྱོན་ཆས་སོགས་ཐོན་རྗས་གཙོ་བོ་སོ་སོར་39.6%དང་།  17.3%  10.5%བཅས་འཕར་ཡོད་པ་རེད། ཐོན་ལས་འདུས་ཁུལ་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་9930ཟིན་ཏེ། 33.4%འཕར་ནས་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་53%ཟིན་གྱི་ཡོད། 2016ལོ་ལས་བརྒྱ་ཆའི་གཞི་གྲངས་5.4འཕར་ཡོད་པ་རེད།
         2016ལོར། ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ནི་གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་འཕེལ་རྒྱས་ཐོན་ལས་བདུན་གྱི་གྲས་ཡིན་ཞིང་། དེང་རབས་ཅན་དང་། ཐོན་ལས་ཅན། ཚད་ལྡན་ཅན། གཞི་རྒྱ་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚད་གཞི་ལྟར། ཚད་གཞི་མཐོན་པོའི་བླང་བྱ་བཏོན་པ་དང་། འགོ་ཚུགས་གཞི་ནན་པ། གོང་འཕེལ་མྱུར་བ་བཅས་ཀྱི་རྩ་དོན་བཟུང་བ། ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ཀྱི་ཐུན་མིན་ཁྱད་ཆོས་དམིགས་བསལ་གྱི་འབྱུང་ཁུངས་སྔོག་འདོན་བྱེད་པར་བརྟེན་ནས། གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་བོ་ཐང་ག་དང་། སྤོས། ཁ་གདན། གསེར་དངུལ་ཟངས་ཆས། མི་རིགས་ཀྱི་གྱོན་ཆས་སོགས་ས་ཁོངས་ཀྱི་ཐོན་ཁུངས་དང་བསྡུར་ལྡན་གྱི་དགེ་མཚན་ལ་དམིགས་ནས། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.5ཙམ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་(མི་རིགས་ལག་ཤེས་བཟོ་ལས་) འཆར་འགོད་རྣམ་གྲངས་དང་སྦྲེལ་མཐུད་ཀྱི་འཆར་གཞི་བཟོས་ནས། གཙོ་གནད་རྣམ་གྲངས་མཛོད་21འཛུགས་པའི་འཆར་གཞི་བཀོད་དེ། ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཐོན་ལས་ལེགས་འགྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་དུ་གཏོང་བ་བཅས་བྱས་པས། མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་དུས་མཚུངས་སུ། མི་རིགས་ཀྱི་ལག་ཤེས་བཟོ་ལས་ཁེ་ལས་ཞིབ་འཇུག་གསར་སྤེལ་ཐད་ལ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བའི་བསྔགས་སྐུལ་བྱས་ནས། ཐོན་རྫས་གསར་སྤེལ་འཆར་འགོད་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཀྱི་སྒྲིག་ཆས་ལག་རྩལ་ཟུང་འབྲེལ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགན་སྲུང་འདོན་སྤྲོད་ཐུབ་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།