འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་ཁྲོམ་དུ་ལོ་གསར་མཁོ་ཆས་ཚོང་སའི་ཁྲོམ་བཀྱག་300ལ་ཉེ་བ་
    རིན་མེད་དུ་མཁོ་འདོན་བྱས་ཡོད་པ།

    སྔོན་དཔག་བྱས་ན། ཟླ་དང་པོའི་ཚེས་16ནས་བཟུང་། ཚོང་པ་རྣམས་ཀྱིས་ཁྲོམ་བཏོན་ནས་བཙོང་ཆོག་པ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་ཁྲོམ་དུ་ལོ་གསར་མཁོ་ཆས་ཚོང་སའི་ཁྲོམ་བཀྱག་300ལ་ཉེ་བ་
རིན་མེད་དུ་མཁོ་འདོན་བྱས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་ལ་ཉེ་བའི་དུས་འདིར། མང་ཚོགས་རྣམས་ལ་ལོ་གསར་གྱི་མཁོ་ཆས་ཉོ་བར་སྟབས་བདེ་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་མ་རྩ་ཐོན་ལས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་ད་ལོ་བར་སྐོར་ཚོང་ཁྲོམ་ནང་དུ་ལོ་གསར་གྱི་མཁོ་ཆས་འཚོང་བའི་ཚོང་པ་རྣམས་ལ་རིན་མེད་དུ་ཁྲོམ་བཀྱག་300ལ་ཉེ་བ་མཁོ་འདོན་བྱས་ཡོད། དབྱེ་བ་ཕྱེད་ན་གཙོ་བོ་ནི་ཀ་ར་དང་ཁ་ཟས། གྲོ་སོ་ཕྱེ་མར། ལོ་ཕུད། ཆ་ཡིག  ཤིང་ཏོག་སྐམ་པོ། མར་རྒྱན། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁུལ་སོགས་ཡོད། 
         ལྷ་ས་གྲོང་ཁྱེར་དངུལ་འཇོག་རྨང་གཞིའི་སྒྲིག་བཀོད་ཀུང་སིའི་དངོས་ཟོག་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་བསོད་ནམས་སྒྲོལ་དཀར་ལགས་ཀྱིས། བར་སྐོར་ཚོང་ཁྲོམ་དུ་ལོ་གསུམ་བསྟུད་མར་རྒྱ་ཆེའི་ཚོང་པ་རྣམས་ལ་ལོ་གསར་གྱི་མཁོ་ཆས་ཚོང་སའི་ཁྲོམ་བཀྱག་རིན་མེད་མཁོ་འདོན་བྱས་ཡོད། ཡིན་ནའང་། དེ་སྔོན་དང་མི་འདྲ་བ་ནི་ད་ལོ་ང་ཚོས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་དབུལ་པོའི་ཁྱིམ་ཚང་རྣམས་སྔོན་ལ་བར་བསྐོར་ཚོང་ཁྲོམ་དུ་བཀོད་སྒྲིག་བྱས་ཡོད་ཞེས་གསུངས་པ་རེད།
         ད་ལྟ་བར་དུ་ཁྲོམ་བཀྱག་300ཚང་མ་བཀོད་སྒྲིག་བྱས་ཚར་བ་དང་། ཚོང་པ་མིང་ཐོ་འགོད་པའི་དུས་རིམ་ཡང་མཇུག་སྒྲིལ་བ་རེད།
         བསོད་ནམས་སྒྲོལ་དཀར་ལགས་ཀྱིས། ཁྲོམ་བཀྱག་བཀོད་སྒྲིག་བྱེད་སྟངས་ནི། བར་སྐོར་ཚོང་ཁྲོམ་གྱི་ཐོག་བརྩེགས་དང་པོར་ཁྱོན་བསྡོམས་ལོ་གསར་གྱི་མཁོ་ཆས་ཁྲོམ་བཀྱག་100ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། འདིར་གཙོ་བོ། གྲོ་སོ་ཕྱེ་མར་དང་མར་རྒྱན། ལོ་ཕུད་སོགས་ཕྱིར་འཚོང་པའི་ས་ཁོངས་ཡིན་པ་དང་། ཐོག་བརྩེགས་དང་པོའི་ཁྲོམ་བཀྱག་100ལྷག་ཙམ་ཕུད། ད་དུང་བར་སྐོར་ཚོང་ཁྲོམ་གྱི་ཐོག་བརྩེགས་གསུམ་པར་ཁྲོམ་བཀྱག་100ལྷག་ཙམ་ལོ་གསར་གྱི་མཁོ་ཆས་བསྒྲིགས་ཡོད་པ་འདིར་གཙོ་བོ་ཀ་ར་དང་། ཤིང་འབྲས་སྐམ་པོ་སོགས་ཕྱིར་འཚོང་ས་ཁོངས་ཡིན་པ་རེད།
         བར་སྐོར་ཚོང་ཁྲོམ་གྱི་ལོ་གསར་མཁོ་ཆས་ཁྲོམ་བཀྱག་མིང་ཐོ་འགོད་པའི་དུས་ཚོད་ཟླ་དང་པོའི་ཚེས་8ནས་ཟླ་དང་པོའི་ཚེས་13ཉིན་བར་ཡིན་པ་དང་ལྷ་སའི་རྫོང་དྲུག་དང་ཁུལ་གཉིས་ཀྱི་ཆ་རྐྱེན་དང་མཐུན་པའི་ཚོང་པ་ཚང་མ་འདིར་ཐོ་བཀོད་ཆོག་པ་རེད། ཁྲོམ་བཀྱག་གི་གྲངས་འབོར་ལ་ཚད་ཡོད་པ་དང་མིང་ཐོ་འགོད་མཁན་ཅུང་མང་བའི་དབང་གིས་ལྷ་ས་དངུལ་འཇོག་རྨང་གཞིའི་སྒྲིག་བཀོད་ཀུང་སིས་རྒྱན་འཕེན་པའི་ཐབས་ལ་བརྟེན་ནས་ཚོང་པའི་ཁྲོམ་བཀྱག་ཀྱི་ས་ཆ་གཏན་འཁེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།