འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི"འཁྱགས་རོམ་མེ་ཏོག"བུ་ཆུང་གིས་དོ་སྣང་ཆེན་པོ་བསླངས་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུན་ནན་གྱི'འཁྱགས་རོམ་མེ་ཏོག'བུ་ཆུང་གིས་དོ་སྣང་ཆེན་པོ་བསླངས་བ།
        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན།  ཡུན་ནན་ཞིང་ཆེན་ཀྲའོ་ཐུང་ལུའུ་ཞུན་རྫོང་ཞིན་ཅེ་གྲོང་རྡལ་ཀྲོན་ཧྲན་པའོ་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་སྐྲ་ལ"འཁྱགས་རོམ་མེ་ཏོག"ཆགས་པའི་བུ་ཆུང་། དགུན་དུས་ཀྱི་གྲང་ངད་ཆེ་སྒང་དུའང་སློབ་གྲྭར་འགྲོ་དགོས་པས་མགོ་ཡི་སྐྲའང་འཁྱགས་པའི་མེ་ཏོག་བཞད་པ་ལྟ་བུ་དཀར་པོར་གྱུར་ཡོད་པས། སྤྱི་ཚོགས་ཐོག་དོ་སྣང་ཁྱབ་ཆེ་བསླངས་ཡོད་པ་རེད། 
         གནས་འཕྲིན་སྤེལ་བ་བརྒྱུད། སྤྱི་ཚོགས་ཐོག་གི་དགེ་རྩའི་ཁེ་ལས་དང་མི་སྣ་ཚོས་དེར་རོགས་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་པ་རེད། ཚེས་9ཉིན། གུང་གཞོན་ཚོགས་པ་ཡུན་ནན་ཞིང་ཆེན་ཨུ་ལྷན་དང་། ཡུན་ནན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཡུན་ནན་ཞིང་ཆེན་དང་ལེན་མཐུན་ཚོགས། ཀྲའོ་ཐུང་གྲོང་ཁྱེར་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཅས་ཀྱིས་གྲོས་གཞི་འདོན་ཡིག་སྤེལ་བ་དང་། གཅིག་གྱུར་ངང་སྤྱི་ཚོགས་ཀྱི་ལེགས་སྐྱེས་རོགས་སྐྱོར་དང་ལེན་བྱ་རྒྱུ་མ་ཟད་ད་དུང་དགུན་གྱི་དྲོ་སྐྱིད་ལས་འགུལ་སྤེལ་ནས། ཀྲའོ་ཐུང་གི་དཀའ་ངལ་ཆེ་བའི་སློབ་མ་ཚོར་རོགས་སྐྱོར་བྱས་ཏེ། རི་ཁུལ་གྱི"འཁྱགས་རོམ་མེ་ཏོག་བཞད་པའི་བྱིས་པ་ཚོར"རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད། 
    【1】  【2】  【3】
    ༄༅།།ཡུན་ནན་གྱི'འཁྱགས་རོམ་མེ་ཏོག'བུ་ཆུང་གིས་དོ་སྣང་ཆེན་པོ་བསླངས་བ།
    ༄༅།།ཡུན་ནན་གྱི'འཁྱགས་རོམ་མེ་ཏོག'བུ་ཆུང་གིས་དོ་སྣང་ཆེན་པོ་བསླངས་བ།
      

    ཕྱོགས་བསྡུས་གསར་འགྱུར།