འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མས་ལོ་འཁོར་གསར་
    པའི་འཕུར་ཐེངས་དང་པོའི་ལས་འགན་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་06ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སུའུ་ཏན་ཏར་ཧྥུར་ས་ཁུལ་གྱི་མི་ཕལ་མོ་ཆེ་ལོ་གསར་པའི་དགའ་སྤྲོར་རོལ་བའི་སྐབས། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མས་སྤྲོ་བ་ཆེན་པོའི་ངང་ལོ་འཁོར་གསར་པའི་འཕུར་ཐེངས་དང་པོའི་ལས་འགན་སྒྲུབ་རིང་། འཐབ་སེམས་རབ་འཕེལ་དང་བྱང་ཆུབ་པའི་གནམ་གྲུ་གཏོང་བའི་ལག་རྩལ་གྱིས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་རེད།
         ཚེས་3ཉིན་ཞི་བདེ་སྲུང་སྐྱོང་གི་ཀྲུང་གོའི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མའི་དཔོན་དམག་གིས་སུའུ་ཏན་གྱི་ཏར་ཧྥུར་གྱི་ཧྥ་ཤིར་ནས་དྲ་རྒྱ་བརྒྱུད་ཀྲུང་དབྱང་དམག་ཨུད་ཀྱི་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་ལ་དམག་སྦྱོང་གི་བཀའ་རྒྱ་བཏང་གནང་བ་དང་དཔོན་དམག་ཚོས་སྙིང་སྟོབས་རབ་སྤེལ་དང་སྤྲོ་བ་ཆེན་པོས་ཞུགས་པའི་གནས་ཚུལ་ལ་བལྟས་པ་རེད།
         དེ་ཉིན་འཕུར་སྐྱོད་ལས་འགན་གྱི་བཀོད་འདོམས་པ་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མའི་རུ་དཔོན་ཁྲེང་ཝུན་ལུང་གིས“2018ལོར་རྒྱང་ལྟ་བྱས་ནས་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་སྦྱོང་གི་བཀའ་རྒྱར་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་དུས་རབས་གསར་པའི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་འཕུར་སྐྱོད་ཀྱི་བྱས་རྗེས་གསར་པ་འཇོག་རྒྱུའི་ཆོད་སེམས་ཡོད”ཅེས་གསར་འགོད་པར་བཤད།
         ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མ་དེ་སྐམ་སའི་འབུམ་ཤོག་ཆེ་མོ་81པའི་སྐམ་མཁའ་ལུའེ་ཞིག་གིས་གཙོ་བོར་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། དེར་སྨི་-171གི་སྤྱོད་སྒོ་མང་བའི་ཐད་འཕུར་གནམ་གྲུ་འབྲིང་བ་4དང་། གཤམ་འོག་ཏུ་འཕུར་སྐྱོད་ལན་1དང་འཕྲུལ་འཁོར་ལས་གཉེར་ལན་1འགན་སྲུང་ལན་1དམག་ཤུགས་གཞི་ཁྱོན་དམག་མི་140བཅས་ཡོད་པ་དག་གིས་མཁའ་དབྱིངས་སུ་སྐོར་གཡེང་དང་། དམག་སར་མྱུལ་ཞིབ། མི་སྐྱེལ་འདྲེན། རྨས་མ་སྐྱེལ་བ། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་འགན་གཙོ་བོར་སྒྲུབ་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།