འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་ཁྲིམས་ཁང་གིས་2017ལོའི་ཁྲིམས་སྐྱོང་རིམ་པའི་གྱོད་དོན་ཆེན་པོ་བཅུ་གདམ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས"2017ལོའི་ཁྲིམས་སྐྱོང་རིམ་ལ་སྐུལ་འདེད་གཏོང་བའི་གྱོད་དོན་ཆེན་པོ་བཅུ"གདམ་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། "འཛིན་འཐུས་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ཨང་དང་པོ་དབྱང་ཞིའུ་ཀྲུའུ་རྒྱལ་ནང་དུ་ལོག་ནས་གྱོད་དོན་འདྲི་ཞིབ་བྱེད་པ་སོགས་ཀྱི་གྱོད་དོན་གནད་ཆེ་20ཐོག་མའི་དཔྱད་འདེམས་གྱོད་དཔེར་བདམས་ཡོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་གྱོད་དོན་དུ་ཉེས་དོན་དང་དམངས་དོན། ཚོང་དོན། ཤེས་བྱའི་ཐོན་དངོས་བདག་དབང་། མཚོ་དོན། སྲིད་འཛིན། འདྲི་གཅོད་ལྟ་སྐུལ། རྒྱལ་ཁབ་ཀྱི་གུན་གསབ། ལག་བསྟར་སོགས་ཤུགས་རྐྱེན་ཟབ་པའི་གྱོད་དོན་འདུས་ཡོད་པ་རེད། "འཛིན་འཐུས་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ཨང་དང་པོ་དབྱང་ཞིའུ་ཀྲུའུ་རྒྱལ་ནང་དུ་ལོག་ནས་གྱོད་དོན་འདྲི་གཅོད་བྱས་པ་དང་། ཞུང་ཡུས་ཡུས་ཀྱི་གློག་འཕྲིན་གཡོ་སྒྱུའི་གྱོད་དོན། ཡུས་ཧོན་གྱི་གྱོད་དོན་སོགས་སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་པའི་གྱོད་དོན་20ཐོག་མའི་དཔྱད་འདེམས་ཀྱི་གྱོད་དཔེར་བདམས་ཡོད་པས། འབྲེལ་ཡོད་དྲ་གྲོགས་ཚོས་སྨྱན་སྦྱོར་ཐོག་ནས་འདེམས་ཤོག་འཕེན་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།