འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་ནས་ཀྲུང་གོ་བ་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་
    ཤོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨུ་རུ་སུའི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་ནས་ཀྲུང་གོ་བ་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་
ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཞི་པོ་ལི་ཡ་གསར་པའི་མངའ་སྡེའི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་བ་དང་། མེ་སྐྱོན་ཆེན་པོ་ལས་ཀྲུང་གོའི་སྤྱི་དམངས་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་ཤོར་བ་རེད།
         ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་གཏམ་བཤད་པ་པི་ཏེ་ལེན་ཁོ་ཡིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཞིབ་བསྡུར་བྱེད་པའི་སྒང་ཡིན་ཞེས་བཤད་པ་རེད། ཨུ་རུ་སུའི་ཡེ་ཁ་ཅེ་ལིན་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་དོན་གཅོད་པུའུ་ཡིས་ཐོག་མའི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྐྱེན་ལམ་དུ་ཤོར་མཁན་ནང་དུ་ཀྲུང་གོ་བ་7ཡོད་པ་དང་། གཞན་ཀྲུང་གོ་བ་1ལ་རྨས་སྐྱོན་ཡང་པོ་ཕོག་ཡོད་པ་རེད།
         ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཡི་གནས་འཕྲིན་སྤེལ་མཁན་གྱིས་དེ་སྔོན་སྔ་ཙམ་དུ་མེ་སྐྱོན་ཆེན་པོ་ལས་མི་10རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ཁྲོད་དུ་ཀྲུང་གོ་བ་7དང་། ཁེར་གྷི་སི་ཐན་པ་2 ཨུ་རུ་སུ་མི་1བཅས་ཚུད་ཡོད་ཅེས་བཤད་པ་རེད།
         མེ་སྐྱོན་ཤོར་བའི་ལྷམ་བཟོ་གྲྭ་ནི་ཨུ་རུ་སུའི་ཞི་པོ་ལི་ཡ་གསར་པ་མངའ་སྡེའི་དབྱི་སི་ཅི་མུ་ཆུས་ཆེར་ནུའོ་ལེ་ཆིན་སི་ཅི་གྲོང་ཚོར་གནས་པ་དང་། ས་བཟུང་རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་2000ཡོད་པ་རེད། ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཡི་ཞི་པོ་ལི་ཡ་གསར་པ་ཡན་ལག་ཅུས་ལ་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9ཡས་མས་སུ་ཉེན་བརྡ་འབྱོར་བ་རེད།
    ༄༅།།ཨུ་རུ་སུའི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་ནས་ཀྲུང་གོ་བ་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་
ཤོར་བ།
    ༄༅།།ཨུ་རུ་སུའི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་ནས་ཀྲུང་གོ་བ་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་
ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།