འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁའི་ཙུང་ལིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་མཉམ་ལས་རྣམ་གྲངས་
    ལ་ལྟ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་06ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧས་ཉེ་དུས་སི་ཀྲུང་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར་གྱི་རྣམ་གྲངས་ལ་ལྟ་ཞིབ་བྱེད་སྐབས། ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར་དེ་དཔེ་མཚོན་ཡག་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པས་ཀྲུང་གོའི་ཀུང་སིས་ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
         ཝུའེ་ཁེ་ལེ་མ་ཤིན་ཧས་ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར་དེ་རྒྱལ་སྤྱིའི་ཚད་གཞིར་གཞིགས་ནས་བསྐྲུན་པ་ཞིག་ཡིན་པ་དང་དེས་སི་རི་ལན་ཁ་ཧིན་རྡུ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་ལྟེ་བའི་འགག་གནད་ཅིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།
         ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར་གྱི་རྣམ་གྲངས་དེ་ཁོ་ལུན་ཕོའི་ཚོང་དོན་ཁུལ་གྱི་ལྟེ་བར་གནས་པ་དང་2014ལོའི་ཟླ་9པར་སྐྲུན་འགོ་ཚུགས་པ་རེད། དེ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སི་རི་ལན་ཁར་དངོས་གཉེར་སྦྲེལ་མཐུད་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་སི་རི་ལན་ཁའི་རྒྱལ་ཁབ་གྲུ་ཁ་ལས་དོན་ཅུས་ཀྱིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་རེད།
         གྲུ་ཁའི་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་གཞིར་བཟུང་། རྒྱ་མཚོ་བསྲུབས་ནས་སྐམ་ས་སྤྱི་ཆིང་269བཟོ་རྒྱུ་དང་འཛུགས་སྐྲུན་འཆར་འགོད་ཀྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་565ཡོད་པའི་ནང་གཙོ་བོ་སྡོད་ཁང་དང་། ཨར་ཁང་། གཞུང་ལས་ཐོག་བརྩེགས་ཁང་ཆེན། ཚོང་ཁང་སོགས་བཀོད་སྒྲིག་བྱས་ཡོད་པ་དང་ལས་གྲྭའི་རྣམ་གྲངས་འཆར་གཞི་དེ་ལོ་5ནས་8བར་སྤྱད་ནས་གཞི་ཁྱོན་རགས་ཙམ་ཆགས་པར་བྱེད་པ་དང་ལོ་20ནས་25ཡི་ནང་ཚང་མ་བསྐྲུན་ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།