འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འགུལ་བརྙན་གསར་རྩོམ་《བློ་བཟང་དང་སྒྲོལ་མའི་》མུ་འབྲེལ་རི་མོའི་
    དེབ་དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སུ་གངས་ལྗོངས་ས་མཐོའི་རྒྱབ་ལྗོངས་དང་། བོད་ལྗོངས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་མཉམ་འདྲེས་ཀྱི་མུ་འབྲེལ་རི་མོའི་དཔེ་དེབ་ཐོག་མ་《བློ་བཟང་དང་སྒྲོལ་མ་》ཞེས་པ་ཉེ་ཆར་དངོས་སུ་པར་བཏབ་ནས་བཏོན་པས། བོད་ལྗོངས་ཀྱི་མི་རིགས་རི་མོའི་དཔེ་དེབ་གསར་རྩོམ་ཀྱི་འཕེལ་རྒྱས་ལ་དགེ་མཚན་དང་དོན་སྙིང་ལྡན་པའི་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《བློ་བཟང་དང་སྒྲོལ་མ་》ཞེས་པའི་མུ་འབྲེལ་རི་མོ་འདི་2016ལོའི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས"བསམ་འཁྱེར་ཐོག་མ"ཞེས་པའི་ཀྲུང་གོའི་གསར་རྩོམ་འགུལ་བརྙན་དཔེ་སྐྲུན་རོགས་སྐྱོར་གྱི་འཆར་གཞི་དང་2017ལོའི་ལོ་འཁོར་གྱི་མི་རིགས་ཡི་གེའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་རྣམ་གྲངས་ནང་བདམས་ཡོད་པ་དང་། དེ་ནི་《སྒྲོལ་མའི་
    གཞས་གསར་》དང་《སྒྲོལ་མའི་ལྷམ་གསར།》 《ཁོང་ཁྲོ་ལངས་པའི་དྲེད་མོང་།》 《ནགས་ཚལ་བསྐོར་བ།》 《མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་》སོགས་རི་མོའི་དེབ་5ལས་གྲུབ་ཡོད་པ་རེད། རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་ཤུགས་རྐྱེན་ཐེབས་ཡོད་པ་དང་། བློ་བཟང་དང་སྒྲོལ་མ་གྲོགས་བཟང་གཉིས་པོ་དང་རོགས་པ་ཆུང་ངུ་ཁྱུ་ཚོགས་བར་བྱུང་བའི་ཡ་མཚོན་ཆེ་བའི་གཏམ་རྒྱུད་
    དེས། ཀློག་པ་པོ་རྣམས་ལ་མཛའ་མཐུན་དང་དགའ་བ་བརྒྱུད་སྤྲོད་བྱས་པ་དང་། ཡིད་རྟོན་དང་རོགས་རེས་ཀྱི་སྟོབས་ཤུགས་བཅས་གླེང་ཡོད་པ་རེད།  
      

    ཕྱོགས་བསྡུས་གསར་འགྱུར།