འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་འཛམ་གླིང་ཐོག་གི་ཆིང་ནུས་གྲོང་སྲིད་གློག་གཏོང་སྒྲིག་ཆས་ཐོག་མ་དེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་ཁྲོན་ཆི་ལྕི་བའི་བཟོ་ལས་ཀུང་སི་དང་འཛུགས་སྐྲུན་ཀུང་སི་ཆེ་གྲས་ཏ་ལིང་ཙུའུ་ཡིས་མཉམ་དུ་བསྐྲུན་པའི་ཆིང་ནུས་ཀྱི་གློག་གཏོང་སྒྲིག་ཆས་ཉེ་ཆར་ཧྲེང་ཧུའུ་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་ཡོད། དེ་ནི་འཛམ་གླིང་ཐོག་གྲོང་སྲིད་སྒྲིག་ཆས་ལ་གློག་ཤུགས་དང་ཚ་ནུས་ཀྱི་ཆིང་ནུས་གློག་གཏོང་སྒྲིག་ཆས་ཐོག་མ་དེ་ཡིན་པ་རེད།
         རི་པིན་སྨྱན་སྦྱོར་གྱིས་ཕྱོགས་བསྡུས་འཕྲིན་སྤེལ་བྱས་པ་ལྟར་ན། གློག་གཏོང་འཕྲུལ་ཙུའུ་ཡིས་ཆིང་རླུང་དང་རང་བྱུང་རླུང་མཉམ་བསྲེས་བྱས་ནས་གློག་གཏོང་ཐུབ་ལ། ཆིང་རླུང་ཁོ་ནར་བརྟེན་ནའང་གློག་གཏོང་ཐུབ་པ་དང་གློག་ཤུགས་ཕྱིར་འདོན་བྱེད་ཚད་ཀྲའོ་ཝ་1.7ཙམ་ཟིན་ཞིང་། 2018ལོའི་ཟླ་1པའི་ཟླ་སྟོད་ནས་བཟུང་སྤྱོད་འགོ་འཛུགས་རྒྱུ་དང་། དེ་ལས་ཐོན་པའི་གློག་ཤུགས་དང་ཚ་ནུས་གཙོ་བོ་ཉེ་འཁོར་གྱི་གྲོང་མིའི་སྨན་ཁང་དང་ལུས་རྩལ་ལྟེ་གནས་སོགས་གྲོང་སྲིད་སྒྲིག་བཀོད་4ལ་གཏོང་རྒྱུ་ཡིན་པ་རེད།
         ཆིང་རླུང་འབར་རྗེས་དབྱང་གཉིས་ཐཱན་འགྱུར་སོགས་དྲོད་ཁང་གི་རླུང་གཟུགས་ཐོན་གྱི་མེད་པས། རབས་གསར་པའི་ནུས་རྒྱུ་གཙང་མ་ཡིན་པའི་ངོས་ནས་དོ་ཁུར་ཧ་ཅང་ཆེན་པོ་ཐོབ་ཡོད། རི་པིན་གྱི་དཔལ་འབྱོར་ཐོན་ལས་ཧྲེང་གིས་དེ་སྔ་2030ལོའི་ཡས་མས་སུ་སླེབས་སྐབས་གློག་ཁང་ཚང་མར་དངོས་སུ་ཆིང་རླུང་གི་གློག་གཏོང་འཕྲུལ་ཆས་ནང་འདྲེན་བྱ་རྒྱུའི་དམིགས་ཚད་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།